རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་9པའི་ཚེས་30ཉིན།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གྲུབ་འབྲས་ཐད་ཀྱི་ཆེད་དོན་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་སེམས་ཀྱི་ཉི་ཟླར་འཚོགས་པ།
གསར་འགོད་པས་ཁྱབ་བསྒྲགས་ཚོགས་འདུ་ནས་ཤེས་གསལ་བྱུང་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ཚུན་དུ་བདེ་ཆེན་ས་མཐོ་ལ་གནམ་ས་བླ་འོག་གི་འགྱུར་ལྡོག་བྱུང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་ཡར་ཐོན་དང་རབ་དང་རིམ་པའི་གྲུབ་འབྲས་ཐོབ་པ།
དཔལ་འབྱོར་ཕྱོགས་བསྡུས་གྱི་དངོས་ཤུགས་མངོན་གསལ་དོད་པོས་མཐོ་རུ་གཏོང་བ།
ལོ75ཡི་རིང་། བདེ་ཆེན་ཁུལ་གྱི་དཔལ་འབྱོར་བསྡོམས་འབོར་རྒྱུན་མཐུད་ངང་འཕར་སྣོན་བྱུང་ནས་འཕེལ་རྒྱས་མགྱོགས་ཙམ་འགྲོ་ཚུལ་རྒྱུན་འཁྱོངས་བྱེད། ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་ཞིབ་བཤེར་ཐུབ་པའི་1955ལོ་ནས་2023ལོའི་བར། ཁུལ་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་0.11ནས་སྒོར་དུང་ཕྱུར་303.74བར་འཕར་བ། ལོ་རེར་ཆ་སྙོམས་12.4%འཕར་བ། མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་70ནས་སྒོར་77287བར་འཕར་བ་དང་ལོ་རེར་ཆ་སྙོམས་10.9%འཕར་ཡོད།
དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ།
ཁུལ་ཡོངས་ཀྱི་དབུལ་ཕོངས་མི་གྲངས་དོ་དམ་དུ་འཇུག་པའི་མི་གྲངས་2015ལོའི་མི་ཁྲི་7.4ནས་2020ལོའི་སྐབས་བསྟུན་གཙང་བཟོར་ཆག་ནས་ལོ་རྒྱུས་རང་བཞིན་གྱིས་དབུལ་པོ་དབུལ་ནག་མེད་པར་བཟོ་བ། ཁུལ་ཡོངས་དུས་ལྟར་ཁུལ་ཡོངས་དབུལ་སྒྲོལ་ཞྭ་མོ་ཕུད་ཐུབ་པ།
ཐོན་ལས་སྒྲིག་གཞི་རྒྱུན་མཐུད་ལེགས་སུ་གཏོང་བ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ལོ་འགོར། བདེ་ཆེན་ཁུལ་གྱི་ཐོན་ལས་སྒྲིག་གཞི་ཡོངས་སུ་ཞིང་ལས་ཀྱིས་གཙོ་ཁྲིད་གོ་གནས་བཟུང་བ། ལོ་75ཡི་རིང་། ཞིང་ལས་རྨང་གཞི་མི་ལྷོད་པའི་དུས་མཚམས་སུ། བཟོ་ལས་དང་ཞབས་འདེགས་ལས་རིགས་ཀྱི་མྱུར་མགྱོགས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེ་གཏོང་བ་དང་། བདེ་ཆེན་ཁུལ་གྱི་དཔལ་འབྱོར་སྒྲིག་གཞི་རྒྱུན་མཐུད་ལེགས་སུ་གཏོང་བ། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱིས་GDPཡི་བསྡུར་ཚད་བཟུང་ཚད་1955ལོའི་71:0.4:28.6ནས་2023ལོའི་6.7:34.6:58.7རུ་ལེགས་སྒྲིག་བྱས།
རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ།
ལོ་75ཡི་རིང་། ཁུལ་ཡོངས་གཏན་འཇགས་རྒྱུ་ནོར་མགྱོགས་པར་འཕར་ཐུབ་པ་དང་གཏན་འཇགས་རྒྱུ་ནོར་འཇོག་པ་དེ་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་ཞིབ་བཤེར་ཐུབ་པའི་1955ལོའི་སྒོར་ཁྲི་16ནས་2023ལོའི་སྒོར་དུང་ཕྱུར་178.24བར་ལོ་རེར་ཆ་སྙོམས་18.3%སྣོན་ཡོད། བདེ་ཆེན་གནམ་ཐང་། ལྕགས་ལམ། མྱུར་བགྲོད་གཞུང་ལམ། རིམ་ལྡན་གཞུང་ལམ། བདེ་སྡོད་འཐུང་ཆུ། ཆུ་ཤུགས་གློག་ཁང་སོགས་ཕུགས་དང་འབྲེལ་བ་ཡོད་པའི་རྨང་གཞིའི་སྒྲིག་བཀོད་འབོར་ཆེན་ཞིག་སྔ་རྗེས་སུ་བསྐྲུན་ཟིན་པ་མ་ཟད་བེད་སྤྱོད་གཏོང་འགོ་ཚུགས་པ།
རིག་གནས་ཡུལ་སྐོར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བ།
བདེ་ཆེན་གྱིས་ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་པ་དང་བསྒྱུར་བཅོས་སྒོ་འབྱེད་ཀྱི་དུས་བབ་ལ་བརྟེན་པ། ཡུལ་སྐོར་གསར་རྗེས་དམ་འཛིན་བྱེད་པ། ཡུན་ནན་ནུབ་ཕྱོགས་ཆེན་པོའི་ཡུལ་སྐོར་ལམ་ཐིག་འཛུགས་སྐྲུན་བྱེད་པའི་གོ་སྐབས་ལ་བརྟེན་ནས་ཡུལ་སྐོར་ཐོན་ལས་ལ་གྲུབ་འབྲས་ལེགས་པོ་ཐོབ་པ། 2023ལོར་ཁུལ་ཡོངས་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་2522.08སྣེ་ལེན་བྱས་པ། 1997ལོའི་མི་ཐེངས་ཁྲི་54.63ལས་ལྡབ་46.2་འཕར་བ། ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་299.64ནས་1997ལོའ་སྒོར་དུང་ཕྱུར་1.42ལས་ལྡབ་211འཕར་བ།
སྤྱི་ཚོགས་ལས་རིགས་ཕྱོགས་ཡོངས་ནས་ཡར་ཐོན་བྱུང་བ།
སློབ་གསོའི་ཐད། བདེ་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་སློབ་གསོ་དེ་ཁུལ་ཡོངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཞི་རྩའི་རྒྱུ་ཆར་བྱེད་པ་དང་། ཏང་གི་སློབ་གསོ་དམངས་ཕན་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་ནས། ཞིང་ཆེན་ཡོངས་སུ་ལོ་15ཡི་རིན་མེད་སློབ་གསོ་ཐོག་མར་ལག་བསྟར་བྱེད། སེམས་ཀྱི་ཉི་ཟླ་ལས་རིགས་སློབ་གླིང་སྒོ་བྱང་བཀལ་ནས་དབུ་བརྙེས་བྱུང་བ་དང་མཐོ་རིམ་སློབ་གླིང་“ཀླད་ཀོར་”གྱི་འགག་སྒོལ་མངོན་འགྱུར་བྱུང་བ།
སྨན་བཅོས་འཕྲོད་བསྟེན་ཐད། ཀ་གསུམ་སྨན་ཁང་“ཀླད་ཀོར་”གྱི་འགག་སྒོལ་མངོན་འགྱུར་བྱུང་བ་དང་ཡུན་ནན་ཞིང་ཆེན་བོད་སྨན་ཁང་བདེ་བླག་ངང་བདེ་ཆེན་དུ་འཛུགས་ནས། ཞིང་ཆེན་ཡོངས་ལ་ཞིང་ཆེན་རིམ་པའི་བོད་སྨན་ཁང་མེད་པའི་སྟོང་ཆ་བསྐངས་བ།
སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གྲུབ་འབྲས་མངོན་གསལ་བྱུང་བ།
བདེ་ཆེན་གྱིས་བློ་བརྟན་འགྱུར་མེད་ཀྱིས་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་ནས་ཚན་རིག་དང་མཐུན་པའི་གསར་སྤེལ་དང་སྲུང་སྐྱོང་བར་གྱི་འབྲེལ་བ་ཐག་བཅོད་བྱས་ནས་སྐྱེ་ཁམས་ཤེས་དཔལ་དཔེ་སྟོན་གསར་འཛུགས་ལ་སྐུལ་འདེད་ཟབ་མོ་བྱེད། 2023ལོར། གྲོང་ཁྱེར་གྱི་བཙོག་ཆུ་གཅིག་སྡུད་ཐོག་གཙང་སེལ་བྱེད་ཚད་99.69%ཟིན་པ། གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་གནོད་མེད་ཅན་གྱིས་གཙང་སེལ་བྱེད་ཚད་100%ཟིན་པ། ལོ་ཧྲེན་པོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་ཁྱེར་མཁའ་རླུང་སྤུས་ཚད་ལེགས་ཚད་100%་ཟིན་པ། རྒྱལ་ཁབ་ཀྱིས་ཚོད་འཛིན་དང་ཞིང་ཆེན་གྱིས་ཚོད་འཛིན་བྱས་པའི་བཅད་ངོས་ཀྱི་ཆུ་རྒྱུན་བཟང་པོ་(་རིགས་Ⅲལ་སླེབས་པའམ་དེ་ལས་ལེགས་པ་) བསྡུར་ཚད་94.4%ཟིན་པ། ལོ་ཧྲེན་པོའི་སྤྱི་དམངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་བློ་ཡིད་ཚིམ་ཚད་97.4%ཟིན་ནས་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
ཁུལ་སྲིད་གཞུང་གིས་དྲུང་ཡིག་ཆེན་མོ་ཀྲོང་ཞའོ་ཕིན་གིས་གཙོ་དོན་ཡོངས་བསྒྲགས་བྱེད། རིག་གནས་ཡུལ་སྐོར། བཟོ་ལས་དང་ཆ་འཕྲིན། བསྡོམས་རྩིས་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བས་གསར་འགོད་པ་དྲིས་ལན་འདེབས་པ།