རྒྱལ་སྟོན་གུང་གསེང་གི་ཉིན་དང་པོར་ཁུལ་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་13.76སྣེ་ལེན་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།གསར་འགོད་པས་ཁུལ་རིག་གནས་ཡུལ་སྐོར་ཅུས་ནས་ཤེས་གསལ་བྱུང་དོན། ད་ལོའི་རྒྱལ་སྟོན་གུང་གསེང་གི་ཉིན་དང་པོར་ཁུལ་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་13.76སྣེ་ལེན་བྱས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་1.14ཟིན་པ།

    རྒྱལ་སྟོན་གུང་གསེང་རིང་གི་ལས་ཀ་ཡག་པོ་སྒྲུབ་ཆེད། ད་ལོར་རང་ཁུལ་གྱིས་དྲིལ་བསྒྲགས་བྱེད་ཤུགས་དང་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཟླ་9པའི་ཚེས་29ཉིན་ནས་འཛམ་གླིང་གི་“སེམས་ཀྱི་ཉི་ཟླ་”རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གཉིས་པའི་བྱེད་སྒོ་འགོ་ཚུགས་པ་དང་། སྨྱན་སྦྱོར་ཆེན་པོ་ཁག་གི་ལས་སྟེགས་ཐོག་ཁུལ་ཡོངས་ཀྱི་འབྲེལ་ཡོད་ཡུལ་སྐོར་ཐོན་རྫས་འོས་སྦྱོར་བྱེད་པ་མ་ཟད། ད་དུང་དགུན་དུས་སེམས་ཀྱི་ཉི་ཟླར་ཡུལ་སྐོར་གཏོང་བའི་རབ་དང་རིམ་པའི་གཟིགས་སྐྱོང་སྲིད་ཇུས་བཏོན་པ། དུས་ཆེན་སྔོན་གྱི་ཚོང་རའི་ཚུར་ལེན་ལྟར་གནས་ཚུལ་ཡག་པོ་བྱུང་བ་དང་ཕྱོགས་གསུམ་པའི་ལས་སྟེགས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་རྒྱལ་སྟོན་རིང་ཁུལ་ཡོངས་ཀྱི་མགྲོན་ཁང་སྔོན་བཀོད་བྱེད་ཚད་63.6%ཟིན་པ།

    ཉིན་དང་པོའི་སྣེ་ལེན་བྱས་ཚུལ་ལྟར་ན།ཁུལ་ཡོངས་ལྗོངས་ཁུལ་གཙོ་བོས་སྣེ་ལེན་བྱེད་ཚད་ན་ནིང་གི་དུས་མཉམ་ལས་ཇེ་མང་དུ་འཕར་བ། རྡོ་མཁར་རྫོང་གིས་ཉིན་དང་པོར་མི་ཐེངས་51993སྣེ་ལེན་བྱས་པ་དང་དུས་མཉམ་ལས་52.2%ཇེ་མང་དུ་འཕར་བ།པོ་ཏ་མཚོ་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་4955སྣེ་ལེན་བྱས་པ་དང་དུས་མཉམ་ལས་44%ཇེ་མང་དུ་འཕར་བ།སྟག་མཆོང་གྲོང་རོང་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་8613སྣེ་ལེན་བྱས་པ་དང་དུས་མཉམ་ལས་87%ཇེ་མང་དུ་འཕར་བ།སུམ་རྩེན་གླིང་ལྗོངས་ཁུལ་གིས་ཡུལ་སྐོར་བ་མི་ཐེངས་8646སྣེ་ལེན་བྱས་པ་དང་དུས་མཉམ་ལས་70%ཇེ་མང་དུ་འཕར་བ།སྨན་རི་ལྗོངས་ཁུལ་ཡུལ་སྐོར་བ་མི་ཐེངས་2418སྣེ་ལེན་བྱས་པ་དང་དུས་མཉམ་ལས་5%འཕར་བ།

    དེ་ལས་གཞན། སེམས་ཀྱི་ཉི་ཟླ་ཤྭ་ཁ་རི་བོ་ལྗོངས་ཁུལ་དང་འབའ་ལུང་མཐའ་ཆུ་གྲོང་རྡལ་ཏན་སྤྲེའུ་སྤུ་གསེར་ལྗོངས་ཁུལ་གྱིས་ད་ལོའི་རྒྱལ་སྟོན་རིང་ལས་གཉེར་སླར་གསོ་བྱེད་པ་དང་ཡུལ་སྐོར་སྣེ་ལེན་བྱས་ཚུལ་བཟང་པོ་བྱུང་བ།