མཛེས་པའི་ནགས་ཕག་མཚོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ནགས་ཕག་མཚོའི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་ཡུན་ནན་ནུབ་བྱང་གི་དཔྱིད་དུས་འབྲོག་ར་ཆེ་ཤོས་ཡིན་པ་དང་།    ཆར་དུས་སུ་ས་མཐོའི་མཚེའུ་སྟེ་ནགས་ཕག་མཚོ་ཡིན་ལ།ཐན་པའི་དུས་སུ་གཟིག་རི་རྩྭ་ཐང་ཡིན་པས། མཐོང་དཀོན་པའི་དུས་ཚིགས་རང་བཞིན་གྱི་ས་མཐོའི་མཚེའུ་ཞིག་རེད།    གནས་འདིའི་འདམ་རའི་སྣོད་བཅུད་མ་ལག་ནི་སྐྱེ་དངོས་མང་པོ་ཡོད་པའི་ཁྱིམ་གཞིས་ཤིག་ཡིན་ཏེ།   ཁྲུང་ཁྲུང་སྐེ་ནག་དང་།    ཁྲུང་ཁྲུང་མགོ་ཁྲ་སོགས་བྱ་རིགས་རྩ་ཆེན་མང་པོ་ཡོད་པ་མ་ཟད།    དུས་མཚུངས་སུ་གནས་འདི་ནི་ཡུན་ནན་ཞིང་ཆེན་གྱི་རྩྭ་ཐང་ཆེ་ཤོས་ཀྱི་གྲས་ཤིག་ཀྱང་ཡིན་པ་རེད།