རྒྱུན་པར་སྣ་ཁུང་སློག་ན་ཀླད་པའི་ནང་རེད་པར་བྱེད་སྲིད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-04   རྩོམ་ཁུངས།    极地科普

    མི་ལུས་སུ་ཅུང་འཐུས་ཚང་ཡིན་པའི་ཀླད་ཁྲག་སྲུང་ཡོལ་ཞིག་ཡོད་པས། དུས་རྒྱུན་ནད་སྲིན་ཀླད་པའི་ནང་དུ་འཛུལ་དཀའ་བ་ཡིན། འོན་ཀྱང་། དེ་ལ་ང་ཚོས་རྒྱུན་དུ་མཉམ་འཇོག་མི་བྱེད་པའི“ལམ་ཕྲན”ཞིག་ཡོད་དེ། དེ་ནི་གདོང་གི་ཉེན་ཁའི་ཟུར་ཁུལ་གསུམ་ཡིན། ལྷག་པར་དུ་བྱིས་པའི་སྣ་ནང་རྩི་ལྤགས་འོག་ཏུ། ཁྲག་འཁོར་རྒྱུག་གི་ཚོར་སྐྱེན་ཧ་ཅང་རྒོད་པས། ལག་པ་མི་གཙང་བས་སྣ་ཁུང་ནང་སློག་སྐབས། ཕྲ་སྲིན་སོགས་ནད་ཁུངས་འབུ་སྲིན་སྣ་ནང་རྩི་ལྤགས་ཀྱི་ཐོག་ཏུ་ཕྱིན་ཏེ། སྣ་མདུན་གཉན་ཚད་བྱུང་ནས་ཀླད་པའི་ནང་རེད་པར་བྱེད་སྲིད་པ་ཡིན། 
གཞན་དུས་རྒྱུན་སྣ་ཁུང་སློག་ན་སྣ་མདུན་གཉན་ཚད་ཡང་དང་བསྐྱར་དུ་འཕར་ནས། སྣ་ཁུང་ནང་གི་ཕུང་གྲུབ་དག་ཇེ་ཆེར་གྱུར་ཏེ་སྣའི་དབྱིབས་ལ་འགྱུར་ལྡོག་འབྱུང་བ་དང་སྣ་ཁུང་ནས་ཁྲག་བཞུར་བ་སོགས་བྱེད་ལ། སྣ་སྲིན་དང་བར་རྣའི་གཉན་ཚད། མིད་པའི་གཉན་ཚད། ཚོར་བརྒལ་རང་བཞིན་གྱི་དལ་གཤིས་སྣའི་གཉན་ཚད་སོགས་སྐྱེད་པར་མ་ཟད། སྣ་ནང་རྩི་ལྤགས་ལ་གཏོར་བརླག་ཐེབས་ཏེ། ཡང་དང་བསྐྱར་དུ་སྣ་ཁུང་ནང་རལ་བ་དང་ཟགས་པ་སོགས་བྱས་ནས་སྣ་དང་མིད་པའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཇེ་ཆེར་གཏོང་སྲིད། 
སྣ་སྤུ་ལ་རང་གིས་རང་ལ་གཙང་སྦྲ་བྱེད་པའི་ནུས་པ་ངེས་ཅན་ལྡན་པས། སྣ་ཁུང་ནང་གི་སྤྱིར་བཏང་གི་ཟགས་ཐོན་དངོས་རྫས་རྣམས་ཉི་མ་རེ་རེ་བཞིན་གཙང་སེལ་བྱ་མི་དགོས། སྣ་ཆུ་དང་སྣབས་གཙང་སེལ་བྱེད་སྐབས་ཆུ་གཙང་མས་བཀྲུས་ཆོག་ལ་ཁྱིམ་སྤྱོད་སྣ་ཁུང་བཀྲུ་ཆས་སྤྱད་ཀྱང་ཆོག གལ་ཏེ་སྣ་ཁུང་ནང་མི་བདེ་བའམ་ཡང་དང་བསྐྱར་དུ་སྣ་ཁྲག་བཞུར་བ། སྣ་ཆུར་ཁྲག་འདྲེས་པ་སོགས་བྱུང་ན། ལམ་སང་རྣ་སྣ་མིད་པའི་ཚན་ཁག་ལ་སོང་ནས་སྨན་པར་སྟོན་དགོས།(图片来源:百度)