རྒྱལ་སྟོན་གུང་གསེང་རིང་རྡོ་མཁར་རྫོང་དུ་འདུ་འཛི་རབ་ཏུ་ཆེ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    རྒྱལ་སྟོན་གུང་གསེང་རིང་སེམས་ཀྱི་ཉི་ཟླའི་རྡོ་མཁར་རྫོང་དུ་ཡུལ་སྐོར་བ་ཧ་ཅང་མང་། ལྷག་པར་དུ་མཚན་མོའི་རྡོ་མཁར་རྫོང་ནི་མི་ཚོགས་ཀྱིས་ཁེངས་པས་འདུ་འཛི་རབ་ཏུ་ཆེ། རྡོ་མཁར་རྫོང་གི་ཟླ་འོད་ཐང་ཆེན་སོགས་སུ་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བས་བདེ་ཆེན་གྱི་མི་རིགས་ཁག་གི་མང་ཚོགས་དང་མཉམ་དུ་བརྩེ་བའི་ལག་མདངས་མཉམ་དུ་སྦྲེལ་ནས་དགའ་བའི་སྐོར་བྲོ་མཉམ་དུ་འཁྲབ།ས་གནས་རང་གི་ཁྱད་ཆོས་ལྡན་པའི་བོད་ཟས་དང་ཤ་བསྲེགས་སོགས་ལ་ཡུལ་སྐོར་བའི་དགའ་བསུ་ཐོབ་མ་ཟད།བོད་ལྭ་གོན་ནས་པར་རྒྱག་མཁན་གྱི་ཡུལ་སྐོར་བ་ཡང་ཧ་ཅང་མང་བ་རེད།