ཆུ་དཀར་ཆུ་ནག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་རུ་“ལྷ་མིའི་ཤུལ་བཞག་ཞིང་ས”ཞེས་འབོད་པའི་རང་བྱུང་ངོ་མཚར་ཅན་ཞིག་ཡོད་པ་ལ་ཆུ་དཀར་ཆུ་ནག་ཟེར། ཆུ་དཀར་ཆུ་ནག་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སན་པཱ་ཤང་དུ་གནས་པ་རེད།རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2380ཟིན་པ་དང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་3ཙམ་ཡོད། ཐཱན་སྐྱུར་ཀལ་ཆུ་མིག་ནང་ཞུ་བའི་རྐྱེན་གྱིས་ཆུ་དཀར་སྟེགས་བུ་ཆགས་པ་རེད། ད་ལྟའི་རང་བྱུང་མཛེས་ལྗོངས་ལ“སྤྲིན་དཀར་མི་ཡུལ་དུ་ལུས་པའི་ས་ཆ”ཞེས་བརྗོད་ཀྱི་ཡོད།

    ཆུ་དཀར་ཆུ་ནག རང་བྱུང་མཛེས་ལྗོངས་དང་མི་རིགས་རིག་གནས་གཞི་གཅིག་ཏུ་འདུས་པའི་གནས་མཆོག་ཅིག འདི་ཡི་རྡོ་རེ་རེ་དང་ཆུ་མིག་རེ་རེས་འཇང་རིགས་ཀྱི་ལོ་རྒྱུས་དང་ངག་རྒྱུན་བཤད་བཞིན་ཡོད།