གུང་གསེང་རིང་ལས་གནས་བརྟན་སྲུང་བྱས་ནས་མེས་རྒྱལ་ལ་ལེགས་སྐྱེས་འབུལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    མི་མང་ཆེ་བས་ལག་ནང་གི་ལས་ཀ་བཞག་ནས་ནང་མི་དང་གྲོགས་པོ་དང་མཉམ་དུ་ཕྱི་རོལ་དུ་རྩེད་མོ་རྩེ་བ་དང་ལྷོད་གཡེང་དུ་གཏོང་སྐབས་མི་སྐོར་ཅིག་གིས་སྔར་བཞིན་ལས་གནས་བརྟན་སྲུང་བྱེད་པ་དང་། ཁོང་ཚོས་ཁྱིམ་ཚང་ཆུང་ངུ་དོར་ནས་ཚང་མར་འགན་འཁྲི་གཙང་སྒྲུབ་བྱེད་པ་དང་ལས་གནས་བརྟན་སྲུང་ལ་བརྟེན་ནས་མེས་རྒྱལ་ལ་ལེགས་སྐྱེས་འབུལ་བ་རེད།

    རྒྱལ་སྟོན་དུས་ཆེན་རིང་གི་སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་དམངས་ཕན་ཉེན་རྟོག་པ་ཡོངས་ཀྱིས་ལས་གནས་བརྟན་སྲུང་བྱས་ཏེ་མངོན་མེད་རྐྱེན་ངན་གྲལ་བཤེར་དང་ལམ་ངོས་སྐོར་ཞིབ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས་དུས་ཆེན་དང་གུང་གསེང་རིང་གི་སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་པ་རེད།

    གུང་གསེང་རིང་བདེ་ཆེནཁུལ་མི་དམངས་སྨན་ཁང་གི་སྨན་པ་ཚོས་སྔར་བཞིན་རང་སོ་སོའི་ལས་གནས་ཐོག་ལས་ལ་བྲེལ་བཞིན་ཡོད་པ་དང་སྨན་ཁང་དུ་སྨན་བཅོས་བྱེད་པར་ཡོང་མཁན་ནད་པར་དུས་ཐོག་དང་ནུས་ལྡན་གྱི་ནད་བརྟག་སྨན་བཅོས་ཐུབ་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཏེ་འགན་འཁྲི་དང་གཅེས་སེམས་ལ་བརྟེན་ནས་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་བྱེད་ཀྱི་ཡོད།

    རྒྱལ་སྟོན་རིང་རྒྱལ་ནུས་བདེ་ཆེན་སེམས་ཀྱི་ཉི་ཟླ་གློག་གཏོང་ཚད་ཡོད་ཀུང་སིའི་ལས་མིས་ལས་གནས་བརྟན་སྲུང་བྱས་ཏེ་དུས་ཆེན་གལ་ཆེན་རིང་གི་གློག་སྤྱོད་བདེ་འཇགས་འགན་ལེན་དང་ཁྱིམ་ཚང་ཁྲི་སྟོང་མང་པོའི་གློག་སྒྲོན་སྲུང་སྐྱོང་བྱས་པ་རེད།ལས་རེས་བྱེད་བཞིན་པའི་ལས་དོན་མི་སྣ་ཞུས་ཡན་ཕིང་དང་ཝང་ལེ་ཡིས་དུས་ཆེན་རིང་སྒྲིག་ཆས་དོ་དམ་དེ་བས་འགག་རྩར་གྱུར་པ་དང་ཞིབ་བཤེར་ཡང་དེ་བས་ཞིབ་ཚགས་བྱེད་དགོས་པས་ཧ་རི་ཧུ་རི་སྤུ་ཙམ་ཡང་བྱེད་མི་རུང་ཞེས་བཤད་བྱུང་།

    རྒྱལ་སྟོན་དུས་ཆེན་རིང་བདེ་ཆེན་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་མེ་ཟོན་བཀོད་འཐབ་པ་ཚོས་ལས་གནས་བརྟན་སྲུང་བྱས་ཏེ་ནུས་ཤུགས་ཡོད་རྒུས་དུས་ཆེན་རིང་གི་མེ་ཟོན་བདེ་འཇགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་པ་རེད།

    རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་རིང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཁོར་ཡུག་འཕྲོད་བསྟེན་བཟོ་པ་ཚོས་སྔར་བཞིན་ཁྲོམ་གཞུང་ཆེ་ཆུང་གང་སར་ལས་ལ་བྲེལ་བཞིན་ཡོད་པ་དང་ཁོང་ཚོས་འཁྲི་ཁུར་སེམས་ལ་བརྟེན་ནས་གྲོང་ཁྱེར་གྱི“ངོ་གདོང་”སྲུང་བཞིན་ཡོད། དུས་ཆེན་དང་གུང་གསེང་རིང་རྒྱ་ཆེའི་ཁོར་ཡུག་འཕྲོད་བསྟེན་བཟོ་པས་འགྲོ་ལམ་གཙང་མ་དང་གད་སྙིགས་གཙང་མ་དབོར་བ་དང་སྤྱི་པའི་གསང་སྤྱོད་དོ་དམ་སྲུང་སྐྱོང་སོགས་ཀྱི་ལས་གནས་བརྟན་སྲུང་བྱས་ཏེ་ཁོང་ཚོས་རང་གི་ལག་ཟུང་དང་ལས་བརྩོན་གྱི་ཐོག་ནས་གྲོང་ཁྱེར་གྱི་མཛེས་སྡུག་སྲུང་སྐྱོང་བྱེད་ཀྱི་ཡོད།