རྡོ་མཁར་རྫོང་གི་བོད་ཟས་བྲོ་བ་ཞིམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་རིང་།  རྡོ་མཁར་རྫོང་དུ་ཡུལ་སྐོར་བ་ཤིན་ཏུ་མང་ཞིང་།  གང་སར་འཚང་ཁ་རྒྱག་པ་དང་གྲལ་བསྒྲིགས་པའི་གནས་ཚུལ་བྱུང་ཡོད།   

    རྡོ་མཁར་རྫོང་ནས་ས་གནས་རང་སའི་ཐོན་རྫས་ཉོ་བའམ་ཞག་འདུག་བྱེད་པ།  པར་ལེན་པ། འཆམ་འཆམ་དུ་འགྲོ་བ།   སྐོར་བྲོ་འཁྲབ་པ།  སྣ་མང་ཕུན་སུམ་ཚོགས་པའི་བཟའ་བཏུང་སྤྱོད་པ་སོགས་བྱེད་སྒོ་མང་པོ་ཞིག་ཉམས་སུ་མྱོང་ཆོག་པ་རེད།  

    དེང་སྐབས་རྡོ་མཁར་རྫོང་དུ་རྒྱ་ཁོག་དང་།  ཚལ་བརྔོས་མ།  བོད་ཟས་སོགས་ཟ་སའི་ཟ་ཁང་ཆེ་མ་ཆུང་གསུམ་ཕྱེས་ཡོད།  མི་རིགས་ཀྱི་བཟའ་བཏུང་རིག་གནས་ཉམས་སུ་མྱོང་བར་བོད་ཟས་ཁང་ནི་ཡུལ་སྐོར་བའི་གདམས་གསེས་ཡག་ཤོས་ཤིག་ཏུ་གྱུར་ཡོད།  བོད་ཟས་ཁང་རེ་རེའི་ནང་དུ་ཞོགས་པའི་ཆུ་ཚོད་བཅུ་བ་ཡས་མས་ནས་དགོང་མོའི་ཆུ་ཚོད་བཅུ་གཅིག་བར་སྐུ་མགྲོན་རྒྱུན་མ་ཆད་པར་ཡོད་ལ།  ད་དུང་གྲལ་བསྒྲིགས་ནས་ཟ་མ་ཟ་བར་བསྒུགས་ཡོད།   

    སེམས་ཀྱི་ཉི་ཟླར་སྒུལ་འཁོར་ཤར་གཏོང་བྱས་པ་ནས་ཡུལ་སྐོར་བ་མངོན་གསལ་གྱིས་ཇེ་མང་དུ་སོང་ཡོད་ལ།  བཟའ་བཏུང་ལས་རིགས་ཀྱི་མདུན་ལྗོངས་ཤིན་ཏུ་ཡག་པའི་རྣམ་པ་བཟང་བོ་ཞིག་མངོན་ཡོད།