ཁུལ་མི་དམངས་སྲིད་གཞུང་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་49པ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-09   རྩོམ་ཁུངས།   

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་10པའི་ཚེས་8ཉིན་གྱི་ཕྱི་དྲོར། ཁུལ་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཁུལ་མི་དམངས་སྲིད་གཞུང་ཏང་ཙུའུ་གྲོས་ཚོགས་ཐེངས་49པ་གཙོ་སྐྱོང་བྱས་ནས་འཚོགས་པ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་གསུང་བཤད་དགོངས་དོན་གལ་ཆེ་བརྒྱུད་བསྒྲགས་སློབ་སྦྱོང་བྱེད་སྐབས་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱེད་པ། སློབ་གསོ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གྱུར་བའི་དོན་སྙིང་གལ་ཆེ་ངོས་འཛིན་གཏིང་ཟབ་བྱེད་པ། སློབ་གསོ་བསྒྱུར་བཅོས་འཕེལ་རྒྱས་གྲུབ་འབྲས་སྔར་ལས་མང་བ་དང་སྔར་ལས་དྲང་སྙོམས་ཐོག་ནས་མི་དམངས་ལ་ཕན་ཁེ་ཐོབ་པར་རྒྱུན་འཁྱོངས་བྱེད། བྱ་ཐབས་ནན་པོས་རང་ཁུལ་སློབ་གསོ་བྱ་བཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཀྲུང་དབྱངས་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚུར་ལེན་གནད་དོན་དག་ཐེར་དང་ལེགས་བཅོས་བྱེད་པའི་ལས་ཀ་དམ་འཛིན་བྱེད་པ།སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་ལམ་སྲོལ་འཐུས་ཚང་མགྱོགས་སུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏོང་བ། འབྲི་ཆུའི་སྟོད་རྒྱུད་སྐྱེ་ཁམས་སྲུང་ཡོལ་ནུས་ཤུགས་ཡོད་རྒུས་བརྟན་དུ་འཛུགས་དགོས།མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་སྐོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་གཙོ་བོ་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ།ཏང་གིས་དམངས་ཆེན་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ལམ་བུ་བློ་བརྟན་འགྱུར་མེད་ངང་སྐྱོད་དགོས།  ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ།ཁྲིམས་ལྟར་སྲིད་འཛིན་སྐུལ་འདེད་ཟབ་སྤེལ་གཏོང་བ། དམངས་ཆེན་གྱི་ལྟ་སྐུལ་ལ་རང་འགུལ་ངང་དང་ལེན་བྱེད་པ།དམངས་ཆེན་ལས་དོན་ནུས་ཤུགས་ཡོད་རྒུས་རོགས་སྐྱོར་བྱེད། འཐུས་མིའི་འགན་སྒྲུབ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ།སྲིད་གཞུང་གི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་ཤུགས་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་མཐུད་ཀྱིས་མཐོར་གཏོང་དགོས་པའི་ནན་བཤད་གནང་བ།

    གྲོས་ཚོགས་ཐོག་ཁུལ་སྲིད་གཞུང་ཏང་ཙུའུ་ཡི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་སྦྱོང་ལས་ཀ་ཕྱོགས་བསྡུས་བྱས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེ་དང་མཛུབ་སྟོན་མཆན་བཀོད་དགོངས་དོན་གལ་ཆེ་སློབ་སྦྱོང་ལག་བསྟར་ནན་པོ་བྱེད་པ། ཕུགས་ཕན་ལམ་ལུགས་བཙུགས་པ་དང་འཐུས་ཚང་གཏོང་བ།སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་ཟབ་སྤེལ་གཏོང་བ། ཁུལ་ཡོངས་བྱ་བཞག་ཁག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།

    ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་ཞིབ་འཇུག་དང་གྲོས་ཞིབ་གནང་བ།

    ཁུལ་འགོ་ཁྲིད་དབྱང་ཞའེ་ཝུན། ཧུའུ་ཧྥེན་ཞུང་། ཡུས་ཀུའེ་ཧྥེན། པའོ་ཡུས་ཏུང་། ཧོང་ལུང་ཤིན། ཀྲོང་ཞའོ་ཕིང་གྲོས་ཚུགས་སུ་ཞུགས། ལི་ཐའོ་གྲོས་ཚོགས་སུ་ཟུར་ཞུགས་བྱས།