རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-09   རྩོམ་ཁུངས།   
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་10པའི་ཚེས་8ཉིན་གྱི་སྔ་དྲོར། ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཁུལ་མི་དམངས་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས་60གཙོ་སྐྱོང་བྱས་ནས་འཚོགས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུའི་སྐོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་བརྒྱུད་བསྒྲགས་བྱས་པ། ཞིང་ཡོངས་གནད་ཆེའི་ལས་རིགས། གནད་ཆེའི་ཁུལ་དང་གྲོང་ཁྱེར་གྱིས་རྣམ་གྲངས་དམ་འཛིན་དངུལ་འཇོག་གཏོང་བའི་སྐུལ་འདེད་གཏོང་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས། ཕྱོགས་བསྡུས་བྱས་འབྲས་དཔྱད་བསྡུར་དང་བདེ་འཇགས་ཐོན་སྐྱེད། མེ་སྐྱོན་འགོག་གསོད་སོགས་ཆེད་དོན་ལས་ཀར་ཞིབ་འཇུག་བྱས། 《ཡུན་ནན་ནགས་ཕག་མཚོ་ཞིང་རིམ་རང་བྱུང་སྲུང་སྐྱོང་ཁུལ་སྐྱེ་ཁམས་ཡུལ་སྐོར་ཇུས་གཞི་(2024—2030)(ཞིབ་བཤེར་ཞུ་རྒྱུའི་མ་ཡིག)》སོགས་ཡིག་ཆ་གྲོས་ཞིབ་བྱས།
གྲོས་ཚོགས་ཐོག་ལོ་75རིང་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེར་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དགོངས་དོན་གལ་ཆེ་དང་ཁུལ་ཡོངས་མིག་སྔའི་ལས་ཀའི་དོན་དངོས་དང་འཕྲད་པའི་གནས་བབ་ལས་འགན་ཟུང་འབྲེལ་བྱས་ནས་བྱ་བཞག་ཁག་གི་རྣམ་པ་གསར་པ་འབད་བརྩོན་ངང་གསར་གཏོད་བྱེད་དགོས་པའི་ནན་བཤད་གནང་།
གྲོས་ཚོགས་ཐོག་ལས་འགན་ལས་ཁུངས་སོ་སོས་དཔྱད་བསྡུར་སྒྲིག་སྲོལ་ཞིབ་ཕྲར་ཞིབ་འཇུག་དང་དཔྱད་བསྡུར་ལས་ཀ་ཁག་ཕྱོགས་ཡོངས་ནས་གསེད་ནས་ལས་ཀ་ཁག་དོན་ཐོག་འཁྱོལ་བར་ཁག་ཐེག་བྱེད་དགོས། ཆབ་སྲིད་འདུ་ཤེས་དང་ལས་འགན་འདུ་ཤེས་ཆེ་རུ་གཏོང་བ་དང་འགན་འཁྲི་མི་ཐོག་ཏུ་འཁྱོལ་བ་ཁ་གསལ་བྱེད་དགོས་ཞེས་བསྟན།
གྲོས་ཚོགས་ཐོག་རིམ་ཁག་ལས་ཁུངས་སོ་སོས་བདེ་འཇགས་ཐོན་སྐྱེད་སྐོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དོན་འཁྱོལ་ལག་བསྟར་ཟབ་སྤེལ་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་བརླིང་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས། གནོད་འགོག་གནོད་འཕྲི་གནོད་སྐྱོབ་སྐོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་དོན་གལ་ཆེ་སློབ་སྦྱོང་ནན་ཏན་བྱེད་པ་དང་ཁུལ་ཡོངས་ཀྱི་མེ་སྐྱོན་འགོག་གསོད་དང་བདེ་འཇགས་ལ་ཡོད་རྒུས་སྲུང་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན།
ཚོགས་འདུའི་ཐོག་ད་དུང་ལས་དོན་གཞན་པ་ཞིབ་འཇུག་བྱས་པ།
ཁུལ་འགོ་ཁྲིད་དབྱང་ཞུའེ་ཝུན། ཧུའུ་ཧྥེན་ཞུང་། ལིའོ་ཝུན་ཚའེ། ཡུས་ཀུའེ་ཧྥེན། ལི་ཐའོ། པའོ་ཡུས་ཏུང་། ཧོང་ལུང་ཤིན། ཀྲོང་ཞའོ་ཕིན་དང་ཁུལ་རིམ་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བ་ཚོགས་འདུར་ཞུགས།