དཔེ་ཀློག་གིས་མི་ཚེའི་ཟབ་ཚད་ཐག་གཅོད་ཐུབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ང་ཚོས་ཅིའི་ཕྱིར་དཔེ་ཀློག་མང་དུ་བྱེད་དགོས་པ་ཡིན་ནམ། དེ་ནི་དཔེ་ཀློག་གི་ཁྲོད་ནས་ཁྱེད་ཀྱིས་མི་སྣ་མི་འདྲ་བ་མང་པོ་ཞིག་གི་སེམས་ཁམས་དང་གཤིས་ཀ་མཐོང་ཐུབ་ལ། འཚོ་བའི་ནང་དོན་མི་གཅིག་པ་མང་པོ་ཞིག་མཐོང་ཐུབ།  ད་དུང་ཚེ་སྲོག་གི་རིན་ཐང་མང་པོ་ཞིག་ཤེས་ཐུབ་པས་ཡིན།   དཔེ་ཀློག་གི་གོམས་གཤིས་ཀྱིས་ཤེས་མེད་ཚོར་མེད་ཀྱི་ངང་ནས་རང་སེམས་ཀྱི་ས་ཞིང་ལ་གསོན་སྟོབས་ཀྱི་ནུས་པ་སྦྱིན་ཐུབ་ཅིང་།  ཁྱེད་རང་འགྱུར་ལྡོག་བཏང་ནས་མདུན་བསྐྱོད་ཀྱི་ཁ་ཕྱོགས་འཚོལ་དུ་འཇུག་ཐུབ་པ་ཡིན། 

     དཔེ་ཀློག་ཇི་ཙམ་མང་ན་ཚན་རིག་དང་རྟོག་དཔྱོད་ཁྲོད་དུ་སྡོད་པའི་དུས་ཡུན་དེ་ཙམ་རིང་བས་འཛམ་གླིང་སྤྱི་དང་རང་སྟེང་ལ་སྔར་ལས་ལྷག་པའི་གོ་བ་ཟབ་མོ་ལེན་ཐུབ། དཔེ་ཀློག་ཇི་ཙམ་མང་ན་ཁོག་རྒྱ་དང་མཐོང་རྒྱ་དེ་བསྟུན་གྱིས་ཇེ་ཆེ་དང་ཇེ་ཟབ་ཏུ་འགྱུར་ངེས། དཔེ་ཀློག་ཇི་ཙམ་མང་ན་ཁྱེད་ཀྱི་ཨུ་ཚུགས་ཇེ་ཉུང་།  གུ་དོག་པོའི་བསམ་བློ་དེ་ཡལ་ནས་མིག་རྒྱང་མི་འདྲ་བའི་ཐོག་ནས་འཛམ་གླིང་ལ་ཚད་འཇལ་ཐུབ་པ་མ་ཟད། མི་གཞན་གྱིས་མཐོང་མི་ཐུབ་པའི་ཡུལ་ལྗོངས་དང་མི་གཞན་གྱིས་ཤེས་དཀའ་བའི་གནས་ལུགས་དེ་རྟོགས་ཡོང་། 


     བྱ་འཕུར་འདོད་ན་སྔོན་ལ་གཤོག་རྩལ་སྦྱང་དགོས། མི་ཡར་ཐོན་བྱུང་འདོད་ན་སྔོན་ལ་དཔེ་ཀློག་བྱེད་དགོས། ཁྱོད་ཀྱིས་དཔེ་ཀློག་བྱས་པའི་ཤོག་ངོས་རེ་རེ་ལས།   ཁྱེད་རང་མི་གསར་བ་ཞིག་དང་ཡར་ཐོན་ཅན་གྱི་མི་ཞིག་ཏུ་བསྒྱུར་བཞིན་ཡོད།