རྒྱལ་སྟོན་རིང་བདེ་ཆེན་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་139སྣེ་ལེན་ཞུས

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

   

      ཁུལ་རིག་གནས་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་10ཚེས་1ནས་ཚེས་7ཉིན་བར་བདེ་ཆེན་ཁུལ་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་139.11ལ་སྣེ་ལེན་ཞུས་ཡོད་པ་དང་དུས་མཚུངས་ལས་7.85%འཕར་ཡོད། ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་131802.42ཟིན་པ་དེ་དུས་མཚུངས་ལས་13.1%འཕར་ཡོད་པ་རེད། ཁུལ་ཡོངས་ཀྱི་ཡུལ་སྐོར་སྒྲིག་ལམ་ཡག་པོ་ཡོད་པས་ཡུལ་སྐོར་བའི་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་པ་རེད།


ཆུ་དཀར་ཆུ་ནག་ལྗོངས་ཁུལ།

རྡོ་མཁར་རྫོང་།

སྟག་མཆོང་གྲོག་རོང་ལྗོངས་ཁུལ།

པོ་ཏ་མཚོ་ལྗོངས་ཁུལ།

    རྒྱལ་སྟོན་དུས་ཆེན་རིང་རྡོ་མཁར་རྫོང་གིས་གུང་གསེང་རིང་ཡུལ་སྐོར་བ་མི་ཐེངས་447249ལ་སྣེ་ལེན་ཞུས་པ་དང་།  པོ་ཏ་མཚོ་མཛེས་ལྗོངས་ཁུལ་གྱིས་མི་ཐེངས་54560ལ་སྣེ་ལེན་ཞུས་ཡོད། སྟག་མཆོང་གྲོག་རོང་མཛེས་ལྗོངས་ཁུལ་གྱིས་མི་ཐེངས་78579ལ་སྣེ་ལེན་ཞུས་ཡོད་པ་དང་།  དགའ་ལྡན་སུམ་རྩེན་གླིང་གིས་མི་ཐེངས་87876ལ་སྣེ་ལེན་ཞུས་ཡོད།   ཁ་བ་དཀར་པོ་མཛེས་ལྗོངས་ཁུལ་གྱིས་མི་ཐེངས་22273བཅས་སྣེ་ལེན་ཞུས་ཡོད་པ་རེད།