“ཡུན་ནན་ཟེར་པའི་འཚོ་བ་ཞིག་ཡོད་པ་དང་ཡུན་ནན་ནས་ཚང་མ་བཟང་” ཞེས་པའི་མུ་འབྲེལ་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་——ས་མཐོའི་བདེ་སྐྱིད་རི་མོ་བདེ་ཆེན་གྱི་ཆེད་དོན་ཚོགས་ར་བདེ་ཆེན་ནས་འཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-10   རྩོམ་ཁུངས།   


    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་10པའི་ཚེས་9ཉིན། “ཡུན་ནན་ཟེར་པའི་འཚོ་བ་ཞིག་ཡོད་པ་དང་ཡུན་ནན་ནས་ཚང་མ་བཟང་” ཞེས་པའི་མུ་འབྲེལ་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་——ས་མཐོའི་བདེ་སྐྱིད་རི་མོ་བདེ་ཆེན་གྱི་ཆེད་དོན་ཚོགས་ར་དེ་སྟོན་ལྗོངས་མཛེས་པའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནགས་ཕག་མཚོར་འཚོགས་པ།

    བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཁྱབ་བསྒྲགས་གཙོ་བོ་གནང་ཞིང་།“ཡུན་ནན་ཟེར་པའི་འཚོ་བ་ཞིག་ཡོད་པ་”དེ་ འཛམ་གླིང་གི་“སེམས་ཀྱི་ཉི་ཟླ” ནས་སྟོན་པའི་ཆེས་གསོན་ཉམས་ལྡན་ལ་ཆེས་མངོན་གསལ་དོད་པའི་རྣམ་པ་མཉམ་དུ་ལོངས་སུ་སྐྱོད་པ།


    

    ལུའོ་ཁྲའོ་ཧྥེང་གིས་ཉེ་བའི་ལོ་འགའི་རིང་།བདེ་ཆེན་ཁུལ་གྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེ་སློབ་སྦྱོང་ལག་བསྟར་གཏིང་ཟབ་ཏུ་བྱེད་པ།དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱེད། ཞིང་ཨུའི་“3815”ཐབས་ཇུས་དམིགས་འབེན་དམ་འཛིན་བྱེད། “དཔལ་འབྱོར་ཆེན་པོ་གསུམ་”གཞི་གཅིག་ནས་སྐུལ་འདེད་གཏོང་བ། རིག་གནས་ཡུལ་སྐོར་དང་ས་མཐོའི་ཁྱད་ལྡན་ཞིང་ལས། སྔོ་ལྗང་ནུས་ཁུངས། སྔོ་ལྗང་གཏེར་ལས་བཅས་ཐོན་ལས་ཆེན་པོ་བཞི་ཤུགས་ཆེན་གྱིས་འཕེལ་རྒྱས་གཏོང་བ། ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་གྲོང་གསེབ་ཁྱོན་ཡོངས་དར་སྤེལ་དང་ཞིང་པ་རྒྱུན་མཐུད་ཡོང་འཕར་ལ་སྐུལ་འདེད་གཏོང་བ། རང་བྱུང་མཛེས། མི་སེམས་བཟང་། དམངས་འཚོ་ལེགས་བཅས་ཀྱི་“ཡུན་ནན་ཟེར་པའི་འཚོ་བ་ཞིག་ཡོད་པར་”འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི་” དམིགས་གསལ་ཡིག་དབང་འཕྲོག་ཤུགས་སྔར་བས་མངོན་གསལ་དོད་པོ་བྱུང་ཡོད་ཅེས་གསུང་བ། 

    ལུའོ་ཁྲའོ་ཧྥེང་གིས་ཡུན་ནན་ཟེར་བའི་འཚོ་བ་ཞིག་ཡོད་དེ་འཛམ་གླིང་གི་“སེམས་ཀྱི་ཉི་ཟླ་” ནས་ཆེས་མངོན་གསལ་དོད་པའི་ཁྱད་ཆོད་ནི་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་དང་འདྲ་ཞིང་།བདེ་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་དོན་དུ་གྱུར་་ནས་གོན་བཟའ་སྡོད་འགྲོ་སློབ་སྨན་གསོ་དབང་དང་། བཅིངས་འགྲོལ་སྔ་རྗེས།རང་སྐྱོང་ཁུལ་དབུ་བརྙེས་ཀྱི་སྔ་རྗེས། བསྒྱུར་བཅོས་གསར་གཏོད་ཀྱི་སྔ་རྗེས། དུས་རབས་གསར་པའི་ཚུན་དུ་བྱུང་བའི་གནམ་ས་བླ་འོག་གི་འགྱུར་ལྡོག རྒྱལ་ཁབ་ཕྱི་ནང་གི་“ཤར་འཕར་ནུབ་ཆག་”གི་གནས་བབ་འཕོ་འགྱུར་གྱི་“བརྒྱད་ལྟ་ལྔ་བསྡུར་”བྱེད་སྒོ་གཏིང་ཟབ་སྤེལ་ནས་མི་རིགས་སོ་སོས་སེམས་གཏིང་ནས་སྲོག་ཤིང་ལ་བརྩི་སྲུང་བྱས་ནས་བླ་ཁ་པེ་ཅིང་ལ་ཕྱོགས་ཡོད་ཅེས་གསུང་།

    ཡུན་ནན་ཟེར་བའི་འཚོ་བ་ཞིག་ཡོད་དེ་འཛམ་གླིང་གི་“སེམས་ཀྱི་ཉི་ཟླ་” ནས་ཆེས་མངོན་ཆེ་བའི་གཞི་ཚོན་ནི་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་དེ་ཡིན། བདེ་ཆེན་གྱིས་ཡུལ་སྐོར་ལ་བརྟེན་ནས་ཞིང་ལས་སྐུལ་ཁྲིད་བྱེད་པ་དང་ཡུལ་སྐོར་ལ་བརྟེན་ནས་ཞིང་པར་གསོ་སྐྱོང་རྒྱུན་འཁྱོངས་བྱེད་པ། ས་མཐོའི་ཁྱད་ལྡན་དེང་རབས་ཞིང་ལས་བཟང་སྤེལ་ཞན་གསབ་དམ་འཛིན་བྱེད་པ། རི་སྔོ་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི་ཕྱུག་འགྱུར་ལམ་དང་བདེ་སྐྱིད་ལམ་ཞིག་བཏོད་ཡོད། 2022ལོའི་ཟླ་11པར་རྒྱལ་ཡོངས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་དཔེ་སྟོན་ཁུལ་ལེགས་སྒྲུབ་ངང་གསར་འཛུགས་བྱས་པ་དང་ཁུལ་ཡོངས་མཁའ་རླུང་ལེགས་ཚད་དང་གཞུང་ཚད་ས་ངོས་ཀྱི་ཆུའི་ལེགས་ཚད་རྒྱུན་གཏན་100%རྒྱུན་འཛིན་བྱེད་ཐུབ་པ་དང་། སྤྱི་དམངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཡིག་ཚིམ་ཚད་ཞིང་ཆེན་ཡོངས་ཀྱི་གོ་གནས་ཨང་དང་པོར་གནས་ཡོད།

    ཡུན་ནན་ཟེར་བའི་འཚོ་བ་ཞིག་ཡོད་དེ་འཛམ་གླིང་གི་“སེམས་ཀྱི་ཉི་ཟླ་” ནས་ཆེས་མཛེས་པའི་ལྗོངས་ཁུལ་ནི་མང་ཚོགས་ཀྱི་བདེ་སྐྱིད་འཛུམ་མདངས་ཡིན།བདེ་ཆེན་གྱིས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སོང་78%དམངས་འཚོ་འགན་སྲུང་ཐོག་སྤྱོད་པ་དང་ལས་ཞུགས་དེ་ཆེས་ཆེ་བའི་དམངས་འཚོ་དམ་འཛིན་བྱེད་པ།སློབ་གསོ་སྨན་བཅོས་ཀྱི་ཞན་ཆ་ཁ་གསབ་མགྱོགས་པོ་བྱེད། “ཁྲི་སྟོང་ལས་གྲྭ་” ཉམས་མྱོང་སློབ་སྦྱོང་ཁྱབ་སྤེལ་ནན་ཏན་བྱེད། རྨང་གཞིའི་སྒྲིག་ཆས་ཀྱི་ཞན་ཆ་ནན་ཏན་ངང་གསབ་པ།“མྱུར་བགྲོད་དུས་རབས་” “སྒུལ་འཁོར་དུས་རབས་” སུ་སླེབས་པས་མི་དམངས་ཀྱི་འཚོ་བ་དཔྱིད་དཔལ་རྒྱས་པ་བཞིན།

    ལུའོ་ཁྲའོ་ཧྥེང་གིས་དེ་རིང་བདེ་ཆེན་གྱི་མི་རིགས་སོ་སོའི་མང་ཚོགས་ཀྱི་ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་་བ་དང་ས་མཐོའི་བདེ་སྐྱིད་རི་མོ་དལ་བུར་སྤེལ་བ།ལྷག་བསམ་ཟོལ་མེད་ངང་སྤྱི་ཚོགས་ལས་རིགས་ཁག་གི་གྲོགས་པོ་བདེ་ཆེན་དུ་མང་ཙམ་ཕེབས་ནས་གཟིགས་པ།“སེམས་ཀྱི་ཉི་ཟླ་” འཚོལ་བ་དང་།ས་མཐོའི་“ཅི་ཡང་བཟང་བའི་”བདེ་སྐྱིད་འཚོ་བ་མྱོང་བར་གདན་ཞུ་རྒྱུ་ཡིན་ཞེས་བསྟན།

    ཧྲང་ཧའེ་ཡུན་ནན་རོགས་སྐྱོར་ལས་བྱེད་པ་མཉམ་འབྲེལ་ཚོ་ཆུང་བདེ་ཆེན་མཉམ་འབྲེལ་ཚོ་ཆུང་།ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས། ཁུལ་ཞིང་ལས་གྲོས་གསེབ་ཅུས། ཁུལ་རིག་གནས་དང་ཡུལ་སྐོར་ཅུས། སེམས་ཀྱི་ཉི་ཟླ་ཆང་ལས་མ་རྐང་ཚད་ཡོད་ཀུང་སིའི་འགན་འཁུར་བ་གཙོ་བོ། འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་ཆུ་འཛོམས་གྲོས་སྡེའི་ཀྲི་པུའུ་བརྒྱད་པའི་ཧྲུའུ་ཅིས་གསར་འགོད་པའི་དྲི་བར་ལན་འདེབས་པ།

    ཀྲུང་དབྱང་ཡུན་ནན་དུ་སྡོད་པ་དང་ཞིང་ཆེན།ཁུལ་གྱི་སྨྱོན་སྦྱོར་གསར་འགོད་པ་འགའ་ཁྱབ་བསྒྲགས་ཚོགས་འདུར་ཞུགས།