བདེ་ཆེན་གྱིས་བདེ་སྐྱིད་ལྡན་པའི་གྲོང་ཁྱེར་བསྐྲུན་པར་བརྩོན་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཉེ་བའི་ལོ་ཤས་རིང་།རང་ཁུལ་གྱི་སྡོད་ཁང་འཛུགས་སྐྲུན་སྡེ་ཁག་གིས་“ལྟེ་གནས་སྟོབས་ལྡན་དང་། རྫོང་མཁར་ལེགས་གྲས། ཞང་དང་གྲོང་རྡལ་དམིགས་བསལ་ཅན། གྲོང་སྡེ་མཛེས་གྲས་”བཅས་ཀྱི་དམིགས་འབེན་ལ་རྩེ་གཅིག་ཏུ་དམིགས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། མཐོ་སྒང་གི་གནས་སྡོད་དང་འཚམ་པའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་ཤུགས་རྒྱག་པ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས་། བདེ་འཇགས་ཚོར་སེམས་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།  

  གྲོང་ཁྱེར་དང་གྲོང་རྡལ་གྱི་ཐེག་ནུས་རྒྱུན་མཐུད་ངང་ཆེ་རུ་བཏང་བས་མི་སྡོད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ།

    “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་རང་ཁུལ་གྱི་སྡོད་ཁང་འཛུགས་སྐྲུན་སྡེ་ཁག་གིས་སྔོ་ལྗང་མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་།  གྲོང་ཁྱེར་གྱི་སྡོད་གནས་སྤུས་ཚད་མཐོ་རུ་གཏོང་བ། གད་སྙིགས་དང་བཙོག་ཆུ་བཅོས་སྒྲིག་བྱེད་པ་བཅས་ཀྱི་ལོ་གསུམ་གྱི་བྱ་སྤྱོད་དམ་འཛིན་བྱ་གཞིར་བྱས་ཏེ་གྲོང་ཁྱེར་གྱི་འགྲོ་ལམ་དང་། གད་སྙིགས་གཙང་སེལ། བཙོག་ཆུ་གཙང་སེལ། སྤྱི་གླིང་ཁང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་ཤུགས་ཆེན་བྱས་ཡོད། གྲོང་ཁྱེར་སྲིད་གཞུང་གི་འགྲོ་ལམ་སྟོང་སྨི་234.44བསྐྲུན་པ་དང་ཆུ་མཁོ་འདོན་བཟོ་གྲྭ་10བསྐྲུན་པ་དང་གད་སྙིགས་གཙང་སེལ་ར་བ་3དང་གད་སྙིགས་གཙང་སེལ་ས་ཚིགས་4 གད་སྙིགས་བར་སྐོར་ས་ཚིགས་9བསྐྲུན་པ། བཙོག་ཆུ་གཙང་སེལ་བཟོ་གྲྭ་4བསྐྲུན་པ། ཆུ་འབུད་མདོང་དྲའི་སྟོང་སྨི་533.5དང་བཙོག་ཆུ་མདོང་དྲའི་སྟོང་སྨི་337.57 སྤྱི་གླིང་68བསྐྲུན་པ་དང་བསྐྲུན་ཟིན་པའི་ཁུལ་གྱི་སྔོ་ལྗང་རྒྱ་ཁྱོན་སྤྱི་ཆིང་888ཟིན་པ་དང་སྔོ་ལྗང་རྒྱ་ཁྱོན37.24ཟིན་ནས་མི་རེའི་ཆ་སྙོམས་སྤྱི་གླིང་གི་སྔོ་ལྗང་རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ་17.47ཟིན་ཡོད། “དེ་སྔོན་ཁྱིམ་གྱི་སྒོ་འགྲམ་གྱི་ཁོར་ཡུག་བཙོག་པ་དང་། ད་ཆ་ཕྱིར་སྐྱོད་སྐབས་སྔོ་ལྗང་མཐོང་རྒྱུ་ཡོད་པ་དང་སྒེའུ་ཁུང་ཕྱེ་ནས་ཡུལ་ལྗོངས་མཐོང་རྒྱུ་ཡོད་པས་མཁའ་རླུང་གཙང་མ་འབྱིན་རྔུབ་བྱེད་པ་དང་མེ་ཏོག་སྣ་ཚོགས་ལ་རོལ་མྱོང་བྱེད་བཞིན་ཡོད་པས་སེམས་པ་སྐྱིད་པོ་འདུག”ཅེས་ཁྱིམ་ཤམ་བྷ་ལ་སྤྱི་གླིང་འགྲམ་དུ་སྡོད་མཁན་གྲོང་མི་ལི་མའེ་ཡིས་བཤད།


    དམངས་འཚོ་འགན་ལེན་ལས་གྲྭ་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་དམ་འཛིན་ཡག་པོ་བྱེད་པ།

    རང་ཁུལ་གྱི་སྡོད་ཁང་འཛུགས་སྐྲུན་སྡེ་ཁག་གིས་སྡེ་ཁུལ་གྱི་བྱེད་ནུས་གཙོ་བོ་འཐུས་ཚང་དུ་གཏོང་རྒྱུ་དེ་བསྒྱུར་བཀོད་ཀྱི་དམིགས་འབེན་དུ་བཟུང་སྟེ། སྡེ་ཁུལ་གྱི་ཆར་བཙོག་ཁག་བགོས་དང་། དྲག་ཞན་གློག་སྐུད་སྔོན་སྦས། གཞུང་ལམ་སྲ་འགྱུར། སྔོ་ལྗང་ཅན། སྡེ་ཁུལ་གྱི་ཁང་ཀླད་དུ་ཆུ་འགོག སྐས་རིམ་བར་དུ་དཀར་རྩི་བྱུགས་པ། སྡེ་ཁུལ་གྱི་ལམ་སྒྲོན་སྒྲིག་སྦྱོར། སྒ་བཀག་མ་ལག་སྒྲིག་སྦྱོར་སོགས་ལག་བསྟར་བྱས་པ་བརྒྱུད་རྨང་གཞིའི་སྒྲིག་བཀོད་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། མང་ཚོགས་ཀྱི་དགོས་མཁོ་ཐག་གཅོད་བྱེད་པ།གྲོང་ཁྱེར་གསར་སྒྱུར་དང་། སྤྱི་གླིང་དང་ཐང་ཆེན་འཛུགས་སྐྲུན། སྡེ་ཁུལ་རིམ་སྤར་བསྒྱུར་བཀོད་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་བརྟེན་ནས་སྡེ་ཁུལ་རྙིང་པའི་སྡོད་གནས་ཁོར་ཡུག་གི་སྤུས་ཚད་སྔར་ལས་རིམ་སྤར་བྱེད་པ། ཁང་གླ་ཁེ་བའི་སྡོད་ཁང་9455བསྐྲུན་པར་རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ་ཁྲི་50.08ཟིན་པ་དང་སྤྱི་པའི་བོགས་གཏོང་སྡོད་ཁང་5225བསྐྲུན་པར་རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ་ཁྲི་27.02ཟིན་ཡོད།རིམ་རྩིས་བྱས་ན་CདངDརིམ་པའི་གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་སྒྱུར་བཀོད་དུད་ཚང་64417ལེགས་གྲུབ་ཟིན་པ་དང་ཁུལ་ཡོངས་ཀྱི་གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་ཁྱོན་ཡོངས་ནས་གཙང་སེལཐུབ་ནས་ཞིང་པའི་ཁང་པ་བདེ་འཇགས་བརྟན་ལྷིང་དང་རླུང་འགོག་ཆར་གཡོལ་གྱི་བླང་བྱར་སླེབས་ཡོད་པ་རེད།

    “སེམས་ལ་དྲོ་སྐྱིད་སྦྱིན་པའི་འདུ་འགོད་”ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ།

    མིག་སྔའི་བར་རང་ཁུལ་གྱི་དྲོད་རླངས་མཁོ་འདོན་བྱེད་ནུས་སྨི་ངོས་གྲུ་ཁྲི་602ཟིན་པ་དང་དོན་དངོས་ཐོག་དྲོད་རླངས་མཁོ་འདོན་བྱེད་ཁྱོན་སྨི་ངོས་གྲུ་ཁྲི་181.2ཙམ་ཟིན་ཡོད་པ་རེད། དེའི་ནང་སེམས་ཀྱི་ཉི་ཟླའི་མཐའ་ཁུལ་དུ་དྲོད་རླངས་མཁོ་འདོན་ས་ཚིགས་29བསྐྲུན་ནས་ཁུལ་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་སློབ་གྲྭ་18དང་སྲིད་འཛིན་ཁེ་ལས་དང་བྱ་གཞག་ཚན་པ་184དང་དེ་བཞིན་གྲོང་མི་དུད་ཚང་9000ལྷག་ཙམ་ལ་དགུན་དུས་ཀྱི་དྲོད་རླངས་མཁོ་འདོན་ཞབས་ཞུ་མཁོ་འདོན་བྱས་པ་རེད། འཇོལ་རྫོང་མཐའ་ཁུལ་དུ་དྲོད་རླངས་མཁོ་འདོན་ས་ཚིགས་1བསྐྲུན་ནས་སྲིད་འཛིན་ཁེ་ལས་དང་བྱ་གཞག་ཚན་པ་14དང་དེ་བཞིན་འགན་ལེན་རང་བཞིན་གྱི་སྡོད་ཁང་གི་གྲོང་མི་དུད་ཚང་383ལ་དགུན་དུས་དྲོད་རླངས་མཁོ་འདོན་གྱི་ཞབས་འདེགས་ཞུས་པ་རེད། འབའ་ལུང་མཐའ་ཁུལ་དུ་དྲོད་རླངས་མཁོ་འདོན་ས་ཚིགས་2བསྐྲུན་ནས་གྲོང་ཁུལ་གྱི་སློབ་གྲྭ་3དང་སྨན་ཁང་1དང་དེ་བཞིན་སྲིད་འཛིན་ལྟེ་གནས་ལ་དྲོད་རླངས་མཁོ་འདོན་གྱི་ཞབས་ཞུ་བྱས་པ་རེད། སེམས་ཀྱི་ཉི་ཟླའི་ཐོན་ལས་ཁུལ་དུ་དྲོད་རླངས་མཁོ་འདོན་ས་ཚིགས་1བསྐྲུན་ནས་དྲོད་རླངས་མཁོ་འདོན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་1.5ཙམ་ཟིན་པ་རེད། གཞན་ཡང་སེམས་ཀྱི་ཉི་ཟླ་གྲོང་ཁུལ་གྱི་རང་བྱུང་སོལ་རླངས་མཁོ་འདོན་རྣམ་གྲངས་ཀྱིས་རང་བྱུང་སོལ་རླངས་མདོང་ལམ་འདིང་ཚད་སྟོང་སྨི་241.65ལེགས་གྲུབ་ཟིན་པ་དང་རང་བྱུང་སོལ་རླུང་གི་ཁང་པའི་ནང་སྒྲིག་སྦྱོར་དུད་ཚང་850ལྷག་ཙམ་ལེགས་གྲུབ་ཟིན་ཡོད་པ་རེད།