ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཚོགས་པའི་རྒྱལ་ཡོངས་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པར་འཕྲིན་ཡིག་སྤྲིངས་ནས་ནན་བཤད་གནང་དོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-12   རྩོམ་ཁུངས།    མི་དམས་ཉིན་རེའི་ཚགས་པར།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ཏེ་མི་ཆོས་ཀྱི་ཞབས་འདེཌ་ནུས་པ་ཆེ་རུ་བཏང་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར། མིའི་རིགས་ཀྱི་ཞི་བདེ་དང་ཡར་ཐོན་བྱ་གཞག་བཅས་ཀྱི་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

ཧན་ཀྲེང་འགོ་ཚུགས་མཛད་སྒོར་ཕེབས་ནས་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་བ།

    ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཚོགས་པའི་རྒྱལ་ཡོངས་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པར་སྤྲིངས་པའི་འཕྲིན་ཡིག

    ཀྲུང་གོ་རྒྱ་གྲམ་དམར་རྟགས་ཚོགས་པའི་རྒྱལ་ཡོངས་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་ཚོགས་པའི་མཚམས་འདིར་ངས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་རྒྱ་གྲམ་དམར་རྟགས་ཀྱི་ལས་དོན་པ་དང་། ཚོགས་མི། དང་བླངས་པ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན།

    ཀྲུང་གོ་རྒྱ་གྲམ་དམར་རྟགས་ཚོགས་པ་ནི་ཏང་དང་སྲིད་གཞུང་གིས་མི་ཆོས་ཁྱབ་ཁོངས་སུ་མང་ཚོགས་དང་འབྲེལ་བ་བྱེད་པའི་འབྲེལ་ཟམ་དང་འབྲེལ་ཐག་ལྟ་བུ་ཡིན། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཚོགས་པས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་པ། སྒྱུར་བཅོས་གསར་གཏོད་སྔར་བས་གཏིང་ཟབ་ཏུ་གཏོང་བ། ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ཆེ་རུ་གཏོང་བ། ཀུན་གྱི་ཡིད་ཆེས་ཐོབ་ཚད་ཆེ་རུ་གཏོང་བ། མི་ཆོས་ཀྱི་ཞབས་འདེགས་ནུས་པ་ཆེ་རུ་གཏོང་བ། རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བྱ་གཞག་ཁྲོད་ཧུར་ཐག་ཞུགས་པ་དང་རྒྱབ་སྐྱོར་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ཞི་བདེ་དང་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྒྱ་གྲམ་དམར་རྟགས་ཀྱི་ལས་དོན་ལ་འགོ་ཁྲིད་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱ་གྲམ་དམར་རྟགས་ཚོགས་པས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་ཁོར་ཡུག་དང་ཆ་རྐྱེན་བཟང་པོ་སྐྲུན་དགོས། རྒྱལ་ཡོངས་ཀྱི་རྒྱ་ཆེའི་རྒྱ་གྲམ་དམར་རྟགས་ཀྱི་ལས་དོན་པ་དང་། ཚོགས་མི། དང་བླངས་པ་བཅས་ཀྱིས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་དུས་རབས་ཀྱི་ལས་འགན་ལྕི་པོ་ཁུར་ཕོད་པ་བྱས་ནས། འབད་འཐབ་ལྷོད་མེད་ཁྲོད་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཀྱི་བྱ་གཞག་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་བའི་ལེའུ་གསར་པ་ཞིག་རྩོམ་རྒྱུའི་རེ་བ་ཡོད།

    ཞི་ཅིན་ཕིང་གིས།

    2024ལོའི་ཟླ་10ཚེས་9ཉིན། (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་9ཉིན་འབྱོར་བའི་གློག་འཕྲིན)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་རྒྱ་གྲམ་དམར་རྟགས་ཚོགས་པའི་རྒྱལ་ཡོངས་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་ཚོགས་པའི་མཚམས་འདིར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་འཕྲིན་ཡིག་སྤྲིངས་ཏེ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་རྒྱ་གྲམ་དམར་རྟགས་ཀྱི་ལས་དོན་པ་དང་། ཚོགས་མི། དང་བླངས་པ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་འབྲེལ་རྒྱ་གྲམ་དམར་རྟགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ཐད་རེ་བའང་བཏོན་གནང་བ་རེད།

    ཞི་ཅིན་ཕིང་གིས་འཕྲིན་ཡིག་ནང་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཚོགས་པ་ནི་ཏང་དང་སྲིད་གཞུང་གིས་མི་ཆོས་ཁྱབ་ཁོངས་སུ་མང་ཚོགས་དང་འབྲེལ་བ་བྱེད་པའི་འབྲེལ་ཟམ་དང་འབྲེལ་ཐག་ལྟ་བུ་ཡིན། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཚོགས་པས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་པ། སྒྱུར་བཅོས་གསར་གཏོད་སྔར་བས་གཏིང་ཟབ་ཏུ་གཏོང་བ། ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ཆེ་རུ་གཏོང་བ། ཀུན་གྱི་ཡིད་ཆེས་ཐོབ་ཚད་ཆེ་རུ་གཏོང་བ། མི་ཆོས་ཀྱི་ཞབས་འདེཌ་ནུས་པ་ཆེ་རུ་གཏོང་བ། རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བྱ་གཞག་ཁྲོད་ཧུར་ཐག་ཞུགས་པ་དང་རྒྱབ་སྐྱོར་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ཞི་བདེ་དང་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྒྱ་གྲམ་དམར་རྟགས་ཀྱི་ལས་དོན་ལ་འགོ་ཁྲིད་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱ་གྲམ་དམར་རྟགས་ཚོགས་པས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་ཁོར་ཡུག་དང་ཆ་རྐྱེན་བཟང་པོ་སྐྲུན་དགོས། རྒྱལ་ཡོངས་ཀྱི་རྒྱ་ཆེའི་རྒྱ་གྲམ་དམར་རྟགས་ཀྱི་ལས་དོན་པ་དང་། ཚོགས་མི། དང་བླངས་པ་བཅས་ཀྱིས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་དུས་རབས་ཀྱི་ལས་འགན་ལྕི་པོ་ཁུར་ཕོད་པ་བྱས་ནས། འབད་འཐབ་ལྷོད་མེད་ཁྲོད་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཀྱི་བྱ་གཞག་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་བའི་ལེའུ་གསར་པ་ཞིག་རྩོམ་རྒྱུའི་རེ་བ་ཡོད། (འཕྲིན་ཡིག་ཆ་ཚང་ཟུར་དུ་བཀོད་ཡོད)

    ཚེས་9ཉིན་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཚོགས་པའི་རྒྱལ་ཡོངས་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་པེ་ཅིང་དུ་འགོ་ཚུགས་པ་དང་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་འཕྲིན་ཡིག་བརྒྱུད་བསྒྲགས་གནང་བ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་འཐུས་མི་ཡོངས་ལ་མཇལ་འཕྲད་ཀྱང་གནང་བ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་གིས་འགོ་ཚུགས་མཛད་སྒོའི་ཐོག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཤིས་ཚིག་གསུངས་པ་དང་འབྲེལ་མཇལ་འཕྲད་ནང་ཞུགས་པ་རེད། ཁོང་གིས་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཚོགས་པའི་རྒྱལ་ཡོངས་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱ་གྲམ་དམར་རྟགས་ཀྱི་བྱ་གཞག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཚོགས་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་འགན་ལེན་བྱེད་དགོས། “རོགས་སྐྱོབ་གསུམ་དང་ལེགས་སྐྱེས་གསུམ”གྱི་རང་འཁྲིའི་ལས་ཀར་ཤུགས་སྣོན་རྒྱག་པ་དང་ལས་སྒོའི་ནུས་པ་མུ་མཐུད་ཆེ་རུ་བཏང་སྟེ་ཏང་དང་སྲིད་གཞུང་ལ་རམ་འདེགས་བྱས་ནས་དམངས་འཚོའི་ཐ་གྲས་སྐྱོང་བའི་འགན་སྲུང་གི་དྲ་བ་དམ་ཚགས་དང་བརྟན་དུ་གཏོང་དགོས། རྒྱ་གྲམ་དམར་རྟགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཞབས་འདེགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ཞུན་བརྡར་བྱེད་པ། རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། རྒྱ་གྲམ་དམར་རྟགས་ཀྱི་བྱ་གཞག་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་གསུངས་པ་རེད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཧོ་ཝུའེ་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།

    ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོ་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཚོགས་པའི་ཚོགས་གཙོ་ཁྲེན་ཀྲུའུ་ཡིས་གཙོ་སྐྱོང་གནང་བ་དང་། རྒྱ་གྲམ་དམར་རྟགས་ཀྱི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་འཐུས་མི་དང་རྒྱ་གྲམ་དམར་རྟགས་ཚོགས་པ་དང་ཟླ་གསར་དམར་པོ་ཚོགས་པའི་རྒྱལ་སྤྱིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་སོ་སོས་ཤིས་ཚིག་གསུངས་པ། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་ཞུས་ལིའུ་ཕིང་གིས་མང་ཚོགས་ཚོགས་པའི་ཚབ་ཞུས་ནས་ཤིས་ཚིག་གསུངས་པ་རེད། ཚོགས་འདུའི་ཐོག་རྒྱལ་ཡོངས་རྒྱ་གྲམ་དམར་རྟགས་ཚོགས་པའི་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་32དང་སྔོན་ཐོན་ལས་དོན་པ་10ལ་གཟེངས་བསྟོད་བྱས་པ་རེད།