ཞི་ཅིན་ཕིང་གིས“དྲུག་ཅུ་དབུ་དཀར་བྱ་སྤྱོད”ཀྱི་རྒན་རྒོན་དང་བླངས་པའི་འཐུས་མིར་འཕྲིན་ལན་སྤྲིངས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-12   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

རྒས་དུས་འཚོ་རྟེན་ཡོད་པ་དང་། རྒས་དུས་སེམས་པ་སྐྱིད་པོ་ཡོད་པ། རྒས་དུས་ལས་རྒྱུ་ཡོད་པ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད“དབུ་དཀར་གྱི་སྟོབས་ཤུགས”སྐྱེས་སུ་འབུལ་དགོས།

ཞི་ཅིན་ཕིང་གིས“དྲུག་ཅུ་དབུ་དཀར་བྱ་སྤྱོད”ཀྱི་རྒན་རྒོན་དང་བླངས་པའི་འཐུས་མིར་འཕྲིན་ལན་སྤྲིངས་པ།


    འཕྲིན་ལན།


    “དྲུག་ཅུ་དབུ་དཀར་བྱ་སྤྱོད”ཀྱི་རྒན་རྒོན་དང་བླངས་པའི་འཐུས་མི་རྣམ་པ།

    ཁྱེད་ཚོ་སྐུ་ཁམས་བཟང་། འཕྲིན་ཡིག་འབྱོར་བྱུང་། ལོ་མང་རིང་ཚང་མས་དང་བླངས་ཞབས་ཞུའི་བྱེད་སྒོར་ཧུར་ཐག་ཞུགས་ནས་སྦྱངས་པའི་ཡོན་ཏན་སྤྱད་དེ་གཞི་རིམ་དང་མང་ཚོགས་ལ་ཞབས་འདེགས་ཞུས་པ་དང་སྤྱི་ཚོགས་ལ་དྲང་ནུས་བརྒྱུད་སྤྲོད་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་རྒན་རྒོན་གྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཡོད།

    རྒན་རྒོན་ནི་ཏང་དང་རྒྱལ་ཁབ་ཀྱི་གཅེས་ནོར་ཡིན། རེ་བར་རྒྱ་ཆེའི་གྲོགས་པོ་རྒན་རྒོན་རྣམས་ཀྱིས་ན་སོ་རྒས་ཀྱང་སེམས་ཤུགས་མི་ཉམས་པར་བདེ་ཐང་གི་སེམས་ཁམས་དང་ཡར་བརྩོན་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ་རྒས་དུས་འཚོ་རྟེན་ཡོད་པ་དང་། རྒས་དུས་སེམས་པ་སྐྱིད་པོ་ཡོད་པ། རྒས་དུས་ལས་རྒྱུ་ཡོད་པ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད“དབུ་དཀར་གྱི་སྟོབས་ཤུགས”སྐྱེས་སུ་འབུལ་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྒན་རྒོན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་རྒན་རྒོན་ཚོའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ཏེ་སྲིད་ཇུས་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་བཏོད་ནས་རྒན་རྒོན་གྱི་འཚོ་བར་འགན་ལེན་ཡག་པོ་དང་། ནུས་པ་ཡག་པོ་འདོན་པ། ཁེ་དབང་ལ་སྲུང་སྐྱོང་ཡག་པོ་བཅས་བྱེད་དགོས།

    དགུ་པའི་ཚེས་དགུའི་དུས་ཆེན་འཆར་བའི་སྐབས་འདིར་ཁྱེད་རྣམ་པ་དང་རྒྱལ་ཡོངས་ཀྱི་གྲོགས་པོ་རྒན་རྒོན་རྣམས་ནད་མེད་ཚེ་རིང་དང་འཚོ་བ་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།

ཞི་ཅིན་ཕིང་གིས།

2024ལོའི་ཟླ་10ཚེས་9ཉིན།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་10ཉིན་འབྱོར་བའི་གློག་འཕྲིན)


    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་དགུ་པའི་ཚེས་དགུའི་དུས་ཆེན་འཆར་བའི་སྐབས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས“དྲུག་ཅུ་དབུ་དཀར་བྱ་སྤྱོད”ཀྱི་རྒན་རྒོན་དང་བླངས་པའི་འཐུས་མིར་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་བྱམས་བརྩེའི་སྐུལ་ལྕག་གནང་བ་དང་འབྲེལ་རྒྱལ་ཡོངས་ཀྱི་རྒན་རྒོན་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ལོ་མང་རིང་ཚང་མས་དང་བླངས་ཞབས་ཞུའི་བྱེད་སྒོར་ཧུར་ཐག་ཞུགས་ནས་སྦྱངས་པའི་ཡོན་ཏན་སྤྱད་དེ་གཞི་རིམ་དང་མང་ཚོགས་ལ་ཞབས་འདེགས་ཞུས་པ་དང་སྤྱི་ཚོགས་ལ་དྲང་ནུས་བརྒྱུད་སྤྲོད་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་རྒན་རྒོན་གྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒན་རྒོན་ནི་ཏང་དང་རྒྱལ་ཁབ་ཀྱི་གཅེས་ནོར་ཡིན། རེ་བར་རྒྱ་ཆེའི་གྲོགས་པོ་རྒན་རྒོན་རྣམས་ཀྱིས་ན་སོ་རྒས་ཀྱང་སེམས་ཤུགས་མི་ཉམས་པར་བདེ་ཐང་གི་སེམས་ཁམས་དང་ཡར་བརྩོན་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ་རྒས་དུས་འཚོ་རྟེན་ཡོད་པ་དང་། རྒས་དུས་སེམས་པ་སྐྱིད་པོ་ཡོད་པ། རྒས་དུས་ལས་རྒྱུ་ཡོད་པ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད“དབུ་དཀར་གྱི་སྟོབས་ཤུགས”སྐྱེས་སུ་འབུལ་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྒན་རྒོན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་རྒན་རྒོན་ཚོའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ཏེ་སྲིད་ཇུས་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་བཏོད་ནས་རྒན་རྒོན་གྱི་འཚོ་བར་འགན་ལེན་ཡག་པོ་དང་། ནུས་པ་ཡག་པོ་འདོན་པ། ཁེ་དབང་ལ་སྲུང་སྐྱོང་ཡག་པོ་བཅས་བྱེད་དགོས། (འཕྲིན་ལན་ཆ་ཚང་ཟུར་དུ་བཀོད་ཡོད)

    “དྲུག་ཅུ་དབུ་དཀར་བྱ་སྤྱོད”ནི་2003ལོར་རྒྱལ་ཡོངས་ཀྱི་རྒན་རྒོན་ལས་དོན་ཨུ་ལྷན་གྱིས་སྤེལ་བའི་རྒན་རྒོན་གྱི་དང་བླངས་ཞབས་ཞུའི་བྱེད་སྒོ་ཞིག་ཡིན་པ་དང་གཙོ་བོ་ཁྱབ་ཁོངས་ཁག་གི་རིགས་གཅིག་མཁས་ཅན་རྒན་གྲས་དང་དགེ་རྒན་ཆེ་མོ་བ་རྒན་གྲས་སྒྲིག་འཛུགས་བྱས་ཏེ་འཕེལ་རྒྱས་འགྲོ་འགོར་བའི་ས་ཁུལ་ལ་རོགས་སྐྱོར་བྱེད་ཀྱི་ཡོད་པ་རེད། མིག་སྔའི་བར་རྒྱལ་ཡོངས་སུ“དྲུག་ཅུ་དབུ་དཀར་བྱ་སྤྱོད”ནང་ཞུགས་མཁན་རྒན་རྒོན་དང་བླངས་པ་ཁྱོན་མི་ཐེངས་ཁྲི་700ལྷག་ཙམ་ཟིན་པ་དང་རོགས་སྐྱོར་རྣམ་གྲངས་ཁག་4000ལྷག་ཙམ་སྤེལ་ཡོད། “དྲུག་ཅུ་དབུ་དཀར་བྱ་སྤྱོད”དེ་རྒན་རྒོན་ཚོར་རྒས་དུས་ལས་རྒྱུ་ཡོད་པར་སྐུལ་འདེད་གཏོང་བའི་ལས་སྟེགས་གལ་ཆེན་གྱི་གྲས་ཤིག་ཏུ་གྱུར་ཡོད། ཉེ་ཆར“དྲུག་ཅུ་དབུ་དཀར་བྱ་སྤྱོད”ཀྱི་རྒན་རྒོན་དང་བླངས་པའི་འཐུས་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་དང་བླངས་ཞབས་ཞུར་ཞུགས་ཚུལ་སྙན་སེང་ཞུས་པ་དང་མུ་མཐུད་ལེགས་ཆ་འདོན་སྤེལ་དང་སྤྱི་ཚོགས་ལ་དྲིན་ལན་འཇལ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་ཆོད་སེམས་མཚོན་པར་བྱས་པ་རེད།