ཝང་ཡུས་པོ་ཡིས་བདེ་ཆེན་དུ་བརྟག་ཞིབ་གནང་སྐབས།ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་རྣམས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས་ཞེས་ནན་གྱིས་བསྟན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། ཟླ10པའི་ཚེས10ཉིན་ནས་ཚེས11ཉིན་བར།ཞིང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲེང་ཀྲང་ཝང་ཡུས་པོ་ཡིས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་འབྲེལ་བརྟག་ཞིབ་ཀྱང་གནང་བ་རེད།ཁོང་གིས་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་དེ་བཞིན་ཕུའུ་ཨེར་མི་རིགས་མཐུན་སྒྲིལ་དམ་འཇོག་རྡོ་རིང་མདུན་དུ་དམ་བཅའ་འཇོག་མཁན་འཐུས་མིའི་རྗེས་རབས་པར་འཕྲིན་ལན་སྤྲིངས་བར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།ཞིང་ཨུའི་ལས་ཀའི་བླང་བྱ་དོན་འཁྱོལ་བྱས་ཏེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་རྣམས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་རྒྱུ་ནི་འཕེལ་རྒྱས་ཀྱི་རྩ་བའི་དམིགས་ཡུལ་ཡིན།ཝང་ཡུས་པོ་ཡིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཧྲང་ཅང་ཤང་གི་ཅིན་ཧྲང་གྲོང་གསར་གྱི་འཆར་འགོད་ལ་བརྟག་ཞིབ་གནང་སྐབས། ཀེ་ལན་གྲོང་ཚོར་བསྐྱོད་དེ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལིའུ་ཡན་ཡུན་དང་དམངས་སྡོད་གཉེར་སྐྱོང་དུད་ཚང་ཧོ་མེ་ཡིང་ལ་འཚམས་འདྲི་གནང་བ་དང་།འཇོལ་རྫོང་ཧྲེང་ཕིང་གྲོང་རྡལ་དུ་ཉེན་གཡོལ་གནས་སྤོའི་སྐུལ་འདེད་གནས་ཚུལ་གསན་པ་དང་། ཨ་ཏོན་ཙི་སྡེ་ཁུལ་གྱི་ཝང་ཐེན་ཡུང་སོགས་མང་ཚོགས་ལ་འཚམས་འདྲི་གནང་བ་རེད།དུད་ཚང་རེར་སླེབས་སྐབས་ཝང་ཡུས་པོ་ཡིས་ནན་ཏན་ངང་བསམ་འཆར་གསན་པ་དང་མང་ཚོགས་ལ་ཏང་གི་སྲིད་ཇུས་སྒྲོག་འགྲེལ་གནང་བ་རེད།ཁོང་གིས“བླ་ན་མེད་པ་གཉིས་”མཐའ་འཁྱོངས་བྱས་ཏེ་གནས་སྤོ་བཀོད་སྒྲིག་བྱ་རྒྱུ་དེ་དམངས་འཚོ་ལེགས་སུ་གཏོང་བ་དང་།སྣོད་བཅུད་སྲུང་སྐྱོང་།ཉེན་ཁར་དོགས་ཟོན།འཕེལ་རྒྱས་ལ་སྐུལ་འདེད།སྤྱོད་ཚུལ་སྦྱོང་བརྡར་བཅས་བྱེད་པའི་བརྒྱུད་རིམ་ཞིག་ཏུ་བརྩིས་ནས་ཆུ་ཚད་མཐོ་བའི་འཆར་འགོད་འཛུགས་སྐྲུན་གྱི་ནུས་པ་འཐུས་སྒོ་ཚང་བ་དང་།སྐྱེ་ཁམས་གནས་སྡོད་དང་འཚམ་པ།ཁྱད་ཆོས་མངོན་པ།ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས་བཅས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གསར་པ་ཞིག་ཏུ་བརྩིས་ནས་མང་ཚོགས་རྣམས་འཚོ་བ་སྐྱིད་པོ་སྐྱེལ་དུ་འཇུག་དགོས་ཞེས་བསྟན་པ་རེད།

    བརྟན་ལྷིང་།འཕེལ་རྒྱས།སྐྱེ་ཁམས།མཐའ་མཚམས་སྟོབས་ལྡན་བཅས་ནི་བོད་འབྲེལ་ས་ཁུལ་གྱི་དོན་ཆེན་བཞི་ཡིན།ཝང་ཡུས་པོ་ཡིས་ཡུལ་དངོས་སུ་སེམས་ཀྱི་ཉི་ཟླ་རྒྱལ་ཁབ་སྤྱི་གླིང་གཏོད་པའི་འཕེལ་རིམ་ལ་བརྟག་ཞིབ་གནང་སྐབས།ཁོང་གིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་རྒྱལ་ཁབ་ཀྱི་ཚད་གཞིའི་མ་ལག་གཞིར་བཟུང་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་སྣོད་བཅུད་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་འཇོག་པ། བེད་སྤྱོད་ལུགས་མཐུན་དང་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ངོས་འཛིན་གཏིང་ཟབ་དང་།གཅིག་ཤེས་ཀུན་གྲོལ་གྱིས་གཙང་པོ་གསུམ་དང་རང་བྱུང་སྲུང་སྐྱོང་ཁུལ་སོགས་རང་བྱུང་སྲུང་སྐྱོང་བྱ་ཡུལ་སྣ་ཚོགས་ལ་ཁྲིམས་ལྟར་དོ་དམ་ཡག་པོ་བྱེད་དགོས།ཉི་ཤར་ཤང་ཐང་སྟོད་གྲོང་ཚོ་རུ་ཁོང་གིས་ཐོན་ལས་སྣེ་ཁྲིད་པ་བཀྲ་པས་ཡུལ་མི་ཚོ་སྣེ་ཁྲིད་དེ་དངོས་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ཡག་པོ་བྱས་ནས་རྩ་ཆེའི་ཐོན་ཁུངས་དེ་ཕྱུག་འགྱུར་ཐོན་ལས་སུ་འགྱུར་བ་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།རྒྱལ་ཐང་གྲོང་རྡལ་རྒྱ་ལམ་སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་སུ་ཁོང་གིས་དམངས་ལ་ཞབས་འདེགས་ཡག་པོ་ཞུ་རྒྱུ་དེ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཏེ་དཔེ་སྟོན་གཏོད་པའི་ཐད་བྱ་སྤྱོད་གསར་པ་དང་།གཞི་རྟེན་གསར་པ།ཕན་འབྲས་གསར་པ་བཅས་ཡོད་དགོས་ཞེས་ནན་གྱིས་བསྟན།

    ཝང་ཡུས་པོ་ཡིས་མཐུན་སྒྲིལ་ལ་སྐུལ་འདེད་དང་།འཕེལ་རྒྱས་དམ་འཛིན།སྐྱེ་ཁམས་སྲུང་སྐྱོང་བཅས་བྱེད་པར་གཏིང་ཟབ་ཅིང་ཞིབ་ཚགས་པ་དང་ཕན་ནུས་ལྡན་པའི་མང་ཚོགས་ཀྱི་ལས་ཀ་ལེགས་པར་བསྒྲུབ་དགོས།བདེ་ཆེན་ཁུལ་གྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་གཙོ་རྐང་བརྟན་པོ་འཛུགས་རྒྱུར་དམ་པོར་དམིགས་པ་དང་། ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་སྟེ་རིམ་ཁག་ལས་བྱེད་པས་བྱ་བ་གཙོ་བོར་འཛིན་པ་དང་ཀུན་སེམས་གཅིག་སྒྲིལ་གྱིས་མི་རིགས་ཁག་གི་མང་ཚོགས་ལ་ནམ་ཡང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཁྲིད་སྟོན་བྱ་དགོས་ཞེས་ནན་གྱིས་བསྟན།

    ཀུའོ་ཏ་ཅིན་དང་ཝང་ཞུའེ་ཆིན་བརྟག་དཔྱད་ཞིབ་འཇུག་ལ་ཞུགས།