བདེ་ཆེན་གྱིས་དམངས་འཚོའི་ཁེ་ཕན་དོན་གཉེར་བྱས་ནས་དམངས་ཀྱི་སེམས་ཁྲལ་སེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ལོ་75རིང་བདེ་ཆེན་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་།སྲུང་སྐྱོང་ཡག་པོ།འཕེལ་རྒྱས་ཡག་པོ་བཅས་བྱ་རྒྱུ་དེ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ།དམངས་འཚོའི་ཁྱབ་ཁོངས་ལ་མ་དངུལ་འཇོག་གྲངས་མང་དུ་གཏོང་བ་དང་། དམངས་འཚོའི་དོན་དག་བསྒྱུར་བཅོས་ཟབ་སྤེལ་བྱེད་པ། སློབ་གསོ་དང་། སྨན་བཅོས་འཕྲོད་བསྟེན།སྤྱི་ཚོགས་འགན་སྲུང་སོགས་སྤྱི་ཚོགས་ཀྱི་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བ།མང་ཚོགས་ཀྱི་ཐོབ་ཚོར་དང་།བདེ་སྐྱིད་ཚོར་སེམས།བདེ་འཇགས་ཚོར་སེམས་བཅས་སྔར་བས་ཕུན་སུམ་ཚོགས་པ་དང་།སྔར་བས་འགན་སྲུང་ཡོད་པ།སྔར་བས་རྒྱུན་མཐུད་ཐུབ་པ་བཅས་བྱས་པ་རེད།

དམངས་འཚོར་མཐོང་ཆེན་བྱས་ནས་གཡུར་ཟའི་གྲུབ་འབྲས་མཉམ་སྤྱོད་བྱེད་པ།

    1999་ལོར་བདེ་ཆེན་སེམས་ཀྱི་ཉི་ཟླའི་གནམ་ཐང་དུ་གནམ་གྲུ་དངོས་སུ་ཤར་གཏོང་ཐུབ་པ་དང་བདེ་ཆེན་མི་དམངས་ཕྱིར་སྐྱོད་པར་དེ་བས་ལེགས་པའི་གདམ་ག་བྱུང་བ། 2016་ལོར་ཀླུ་ཆུ་མཚེའུ་སྤྱི་གླིང་བསྐྲུན་ཟིན་ནས་གྲོང་མིར་སྤྲོ་གསེང་འཆམ་འཆམ་དུ་འགྲོ་ས་ཡག་པོ་ཡོད་པ།2018ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་ཁུལ་གྱིས“དུད་ཚང་དུ་དྲོ་སྐྱིད་སྦྱིན་པའི་”འདུ་འགོད་ལེགས་སྒྲུབ་བྱས་ནས་དྲོད་རླངས་མཁོ་འདོན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་125་ཟིན་པ་དང་གྲོང་ཁུལ་གྱི་སློབ་གྲྭ་དང་། ཁེ་ལས་དང་བྱ་གཞག་ཚན་པ།གཞིས་ཁུལ་བཅས་ཚང་མར་དྲོད་རླངས་མཁོ་འདོན་བྱས་ནས་མང་ཚོགས་ཀྱི་ལུས་དྲོད་དེ་བས་དྲོ་བ་ཡོང་བ་བྱས་པ་སོགས་ཉེ་བའི་ལོ་ཤས་རིང་བདེ་ཆེན་ཁུལ་གྱིས་དམངས་འཚོ་ལེགས་སུ་གཏོང་རྒྱུར་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་དམངས་འཚོའི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་བ་དང་ཆབས་ཅིག་དམངས་འཚོའི་སྲིད་ཇུས་གསར་པ་མང་པོ་ལག་བསྟར་བྱས་པས་ཏང་གི་དམངས་འཚོའི་སྲིད་ཇུས་དོན་འཁྱོལ་ནུས་ལྡན་བྱུང་ཡོད།

    ལོ་75རིང་བདེ་ཆེན་ཁུལ་གྱིས་མི་དམངས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པའི་ཁེ་ཕན་གྱི་གནད་དོན་ལ་དམ་འཛིན་ནན་པོ་བྱས་ཏེ་གང་ཐུབ་ཅི་ཐུབ་དང་འཁོས་དཔག་ལས་སྒྲུབ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་དང་གཞི་རིམ་དུ་བསྐྱོད་དེ་དམངས་འཚོར་ཕན་འདོགས་པ་དང་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པའི་བྱ་ཐབས་དེ་བས་མང་བ་སྤྱད་དེ་མི་དམངས་མང་ཚོགས་ཀྱི་ཛ་དྲག་དང་དཀའ་ངལ་ཆེ་བ།རེ་སྒུག་གི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཡག་པོ་བྱས་ནས་དམངས་འཚོའི་ལས་དོན་ཡག་པོ་བསྒྲུབས་པར་བྱས་ཡོད།

    ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་བྱེད་རྒྱུ་རྒྱ་ཆེ་རུ་གཏོང་བ་དང་།ལས་ཞུགས་དམིགས་སུ་བཀར་ནས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ།རྩལ་ནུས་གསོ་སྦྱོང་དང་།ལས་སྐྲུན་རོགས་སྐྱོར།ཤེས་ལྡན་མི་སྣའི་མི་དོན།བརྟན་ལྷིང་དང་འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་པ་བཅས་ཀྱི་ཐད་ལ་རྒྱུན་ཆད་མེད་པར་འབད་བརྩོན་བྱས་ཏེ་དུད་ཚང་ཚང་མར་ཐབས་ལམ་ཡོད་པ་དང་།མི་ཚང་མར་ལས་ཀ་ཡོད་པ།རྒྱུན་དུ་ཡོང་འབབ་ཡོད་པ་བཅས་བྱས་པ།མིག་སྔའི་བར་ཁུལ་ཡོངས་སུ་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་མི་ཁྲི་13.24ལས་ཞུགས་གཞན་སྒྱུར་ཐུབ་པར་བྱས་ཡོད།

    སྨན་བཅོས་འཕྲོད་བསྟེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་།གྲོང་ཚོའི་(སྡེ་ཁུལ་)འཕྲོད་བསྟེན་ཁང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ།ཞིང་ཆེན་ཕྱི་ནང་གི་སྨན་བཅོས་རིགས་གཅིག་མཁས་པའི“བརྒྱུད་རོགས་ཁྲིད་གསུམ”བེད་སྤྱོད་འདང་ངེས་དང་བེད་སྤྱོད་ཡག་པོ་བྱེད་པ།བདེ་ཐང་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ།འཕྲོད་བསྟེན་བདེ་ཐང་གི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ།འཕྲོད་བསྟེན་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་པ།

    སྤྱི་ཚོགས་འགན་བཅོལ་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་རྒན་གསོའི་འགན་བཅོལ་དང་། སྨན་བཅོས་འགན་བཅོལ། མ་མཐའི་འཚོ་རྟེན་འགན་སྲུང་སོགས་དམངས་འཚོའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་མཐོ་རུ་བཏང་བ་དང་། ལོ་ན་མཐོ་བའི་ཕོགས་སྣོན་དང་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་རྒན་འཁོགས་ལ་ཞབས་ཞུའི་ཁ་གསབ་རོགས་དངུལ་སྤྲོད་པ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ཡོད།མིག་སྔའི་བར་རང་ཁུལ་གྱི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི་28.89ཟིན་པ་དང་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་དགོས་རིགས་ཚང་མ་འགན་ལེན་ཐུབ་ནས་འགན་བཅོལ་ནང་ཞུགས་ཚད་100%ཟིན་ཡོད་པ་རེད།

    སློབ་གསོ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་བདེ་ཆེན་གྱི་མཐོ་རིམ་སློབ་གསོའི“ཀླད་ཀོར”་གྱི་དཀའ་ངལ་སེལ་བ་རེད། ལོ་15ཡི་སློབ་ཡོན་མི་དགོས་པའི་སློབ་གསོའི་སྲིད་ཇུས་རྒྱུན་མཐུད་ངང་དོན་འཁྱོལ་བྱས་ཏེ་བདེ་ཆེན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ལས་རིགས་སློབ་གསོའི་མ་ལག་འཛུགས་སྐྲུན་བྱེད་པ།

    བདེ་ཆེན་ཁུལ་གྱི་དམངས་འཚོའི་བྱ་ཐབས་ཁག་རྒྱུན་ཆད་མེད་པར་དོན་ཐོག་ཏུ་འཁྱོལ་བ་དེས་བདེ་ཆེན་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་གནད་དོན་ལ་ཨ་ལན་སློག་པ་དང་དམངས་ཆེད་“ཨང་ཀི་སྣོན་པ”དང་བདེ་སྐྱིད་“མགྱོགས་སུ་བཏང་”ནས་བདེ་ཆེན་གྱི་མི་རིགས་ཁག་གི་མང་ཚོགས་ལ་དམངས་འཚོ་འཛུགས་སྐྱོང་གི་འབྲས་བུ་ལོངས་སྤྱོད་ཏན་ཏིག་ཐུབ་པ་བྱས་ཡོད།

དམངས་སེམས་ལ་དྲོ་སྐྱིད་སྦྱིན་ནས་དམངས་ཀྱི་ཆེད་དུ་རྒྱུགས་ལན་ཡག་པོ་འདེབས་པ།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཏེར་མ་རོང་ཤང་རི་རིང་གྲོང་མི་ཚོ་ཆུང་གི་ལོ་86ལ་སླེབས་པའི་ས་མཐོའི་རྒན་རྒོན་གྱི་ཁྱིམ་དུ་བསྐྱོད་སྐབས་སྒོ་རའི་ནང་གཙང་སྦྲ་དོད་པ་དང་ཁང་པའི་ནང་རྒྱ་ཆེ་ལ་དཀར་ཆ་དོད་པས་ཁྱིམ་སྤྱོད་གློག་ཆས་སྣ་ཚོགས་ཆ་ཚང་པོ་ཡོད་པ་རེད།ད་ལྟའི་བདེ་སྐྱིད་འཚོ་བའི་སྐོར་གླེང་སྐབས་སྤྱི་ཚོགས་ཪྙིང་པར་སྐྱེས་པ་དང་ཀྲུང་གོ་གསར་པར་འཚར་ལོངས་བྱུང་བའི་ས་མཐོའི་བགྲེས་སོང་ལ་སྐད་ཆ་ཤོད་དབང་ཆེ་ཤོས་ཡོད་པ་སྟེ།ཁོང་གིས་ད་ཆ་ངའི་ཁྱིམ་ལ་སྲིད་གཞུང་གི་རོགས་སྐྱོར་ཐོབ་པ་དང་བུ་དང་མནའ་མར་ལས་ཀ་ཡོད་པས་ཚ་བོ་སློབ་གྲྭར་སྐྱོད་སྐབས་སེམས་ཁྲལ་བྱེད་མི་དགོས། ལོ་ལྟར་ང་ལ་རྒན་གསོའི་དངུལ་དང་ལོ་ན་མཐོ་བའི་ཁ་གསབ་དང་དབང་པོ་སྐྱོན་ཅན་གྱི་ཆེད་དོན་ཁ་གསབ་རག་གི་ཡོད་ལ་ནད་གཞི་ལྟ་བར་ཡང་འགན་ལེན་ཡོད།སྲིད་གཞུང་གི་ལས་དོན་མི་སྣས་ད་དུང་རྟག་ཏུ་སྒོ་རྩར་བཅར་འདྲི་བྱེད་པར་བསྐྱོད་དེ་ཁྱིམ་གྱི་གནས་ཚུལ་གླེང་བ་དང་བདེ་སྡུག་འདྲི་གི་ཡོད།ང་ནི་སྤྱི་ཚོགས་རྙིང་པར་སྐྱེས་པའི་དཀའ་སྡུག་ཆེ་བའི་ཕྲུ་གུ་ཞིག་ཡིན་ལ་དར་དམར་འོག་འཚར་ལོངས་བྱུང་བའི་བསོད་ནམས་ཅན་ཞིག་ཀྱང་ཡིན་པས་ཏང་དང་སྲིད་གཞུང་གིས་ང་ལ་ཚེ་མཇུག་གི་འཚོ་བ་སྐྱིད་པོ་ཞིག་སྐྱེལ་རྒྱུ་བྱུང་ཞེས་བཤད།

    ལོ་75་ཡི་རིང་བདེ་ཆེན་ཁུལ་གྱི་དམངས་འཚོའི“རྒྱུགས་ཤོག་”གང་འདྲ་ཡོད་དམ།དྲིས་ལན་དེ་ས་མཐོའི་རྒན་རྒོན་གྱིས་མཚོན་པའི་བདེ་ཆེན་མང་ཚོགས་ཀྱི་སེམས་ནང་བྲིས་ཡོད་ལ་བདེ་ཆེན་ས་མཐོའི་གྲོང་རྡལ་དང་གྲོང་ཚོ་ཁག་ཏུ་ཡང་བྲིས་ཡོད།

རྒན་རྒོན་གྱི་“བདེ་སྐྱིད་ཟ་ཁང་”་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། “ཐག་ཉེ་སར་གཉེར་བ་”དང་“རང་མོས་གཉེར་བ”ལ་ཞབས་འདེགས་དེ་བས་མང་བ་ཞུ་རྒྱུར་སྐུལ་འདེད་བཏང་སྟེ་མང་ཚོགས་ལ་“ཐག་ཉེ་སར”སྟབས་བདེའི་འཚོ་བ་ལོངས་སྤྱོད་ཐུབ་པ་བྱེད་པ་དང་།ལས་ཞུགས་ཐུབ་མེད་པའི་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མར་ལས་ཞུགས་རོགས་སྐྱོར་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་སོགས་དམངས་འཚོའི་བརྐོས་ཚད་ཐོག་གི་འོད་འཚེར་གནས་ཚད་དེ་དག་ཐོག་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མཉམ་འགུལ་ཡང་ཡང་བྱས་པ་མཚོན་ཡོད།

    དེ་ཕུད་བདེ་ཆེན་མང་ཚོགས་ཀྱི་“ཨམ་ཕྲག”འབུར་བ་དང་ཆབས་ཅིག“བསམ་པ”ཡང་ཕྱུག་པོར་གྱུར་ཡོད།རྣམ་པ་གསར་རྐྱང་དུ་གྱུར་པའི་རིག་གནས་ཐང་ཆེན་རེ་རེ་བཞིན་དང་ཞིང་སྡེའི་དཔེ་དེབ་ཁང་རེ་རེ་བཞིན་གྱིས་མང་ཚོགས་ཀྱི་འཚོ་བར་ཤོག་བུ་སྣུམ་ཟོས་ལྟ་བུའི“བཞའ་ཚན”བཟོས་ཡོད། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་སོགས་དམངས་ཕན་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ནས་རིག་གནས་དམངས་ཕན་འདུ་འགོད་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ་མང་ཚོགས་ཀྱིས་ཁྱིམ་གྱི་སྒོ་འགྲམ་དུ་སྤུས་ལེགས་ཞབས་ཞུ་ལོངས་སྤྱོད་ཐུབ་པ་དང་རིག་གནས་བྱེད་སྒོར་“གཡུལ་ས”ཡོད་པ་བྱས་ནས་མང་ཚོགས་ཀྱི་བསམ་པའི་འཚོ་བ་དེ་བས་ཕུན་སུམ་ཚོགས་པ་དང་ངོ་མཚར་ཆེ་བ་ཞིག་ཡོང་བ་བྱས་པ་རེད།

    དམངས་འཚོའི་བྱ་བ་དངོས་རེ་རེ་དོན་ཐོག་ཏུ་འཁྱོལ་བ་དང་། མི་དམངས་ལ་བདེ་སྐྱིད་སྐྲུན་པའི་དམངས་འཚོའི་བྱེད་ཐབས་རབ་དང་རིམ་པ། ཚོ་ཆུང་རེ་རེ་བཞིན་མི་རྣམས་དགའ་འོས་པའི་གྲངས་ཀ་བཅས་ཀྱིས་མཚོན་པ་ནི་འགྱུར་ལྡོག་དང་གྲུབ་འབྲས་ཡིན་པ་མ་ཟད། བདེ་ཆེན་ཁུལ་གྱི་མི་གཙོ་བོར་འཛིན་པའི་དམངས་ལ་བཅངས་པའི་བརྩེ་སེམས་ཀྱང་ཡིན་ལ། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་གསོན་ཐུབ་པར་འགན་སྲུང་ཡོད་པ་ནས་གསོན་ཐུབ་པར་སྔར་ལས་བཞའ་ཚན་ཆེ་བའི་མཆོང་སྐྱོད་དེ་བས་ཀྱང་ཡིན།

འབྱུང་འགྱུར་ལ་ཁ་ཕྱོགས་ཏེ་བདེ་ཆེན་ཁུལ་གྱི་དམངས་འཚོའི་ལས་དོན་ཡང་གཅིག་རྗེས་གཉིས་མཐུད་ངང་སྒྲུབ་པ་དང་། ལོ་གཅིག་རྗེས་གཉིས་མཐུད་ངང་བསྒྲུབས་ནས་དམངས་འཚོའི་རྒྱུག་མཐུད་དབྱུག་པ་རྒྱུན་ཆད་མེད་པར་བརྒྱུད་སྤྲོད་དང་ཡུན་རིང་འབད་བརྩོན་བྱས་ཏེ་སྦྱོང་དུས་སློབ་མཁན་ཡོད་པ་དང་། རྩོལ་བར་ཐོབ་ཆ་ཡོད་པ།ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། ཉམ་ཆུང་རོགས་སྐྱོར་ཐུབ་པ་བཅས་ཀྱི་བདེ་སྐྱིད་ལྡན་པའི་ཡུལ་ལྗོངས་ཡོངས་ཀྱི་རི་མོ་ཞིག་བྲིས་ཡོད།