དུང་དཀར་མཚོ་ནག་གི་སྟོན་ལྗོངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-14   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

    སྟོན་མཇུག་ཏུ་མཚོ་སྔོན་མགོ་ལོག་བོད་རིགས་ཁུལ་རྨ་ཆུ་རྫོང་ཁོངས་ཀྱི་དུང་དཀར་མཚོ་ནག་གི་ཆུ་བོ་དྭངས་ཤིང་གནམ་མཁའ་ཡངས་ཤིང་རྒྱ་ཆེ་བ། མཚོ་འགྲམ་གྱི་རྩྭ་ཐང་དམར་མདོག་དང་སེར་མདོག ལྗང་མདོག་མཉམ་དུ་འདྲེས་ཤིང་མཛེས་ལྗོངས་ཡིད་དུ་འོང་བ་ཞིག་རེད། 

    གནས་འདི་རུ་སྟོན་ཁའི་ཁ་མདོག་མངོན་གསལ་ཡིན་ལ་རང་བྱུང་ཁམས་དེ་ནི་ངོ་མཚར་ལྡན་པའི་ཁ་མདོག་བརྗེ་མཁན་ཞིག་དང་འདྲ་བར་རི་ཆུ་མཛེས་པའི་རི་མོ་ཞིག་ངང་གིས་གྲུབ་ཅིང་མི་ཡི་ཡིད་སེམས་དབང་མེད་དུ་འཕྲོག་པ་རེད། །