ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་མཛའ་གྲོཌ་ཚོཌ་ཆེན་དང་ཀྲུང་གོ་མི་དམངས་ཕྱི་ཕྱོཌ་མཛའ་གྲོཌ་མཐུན་ཚོཌ་བཙུཌ་ནས་ལོ་70འཁོར་བའི་དྲན་གསོའི་བྱེད་སྒོར་ཞུཌ་མཁན་ཕྱི་ཕྱོཌ་ཀྱི་སྐུ་མགྲོན་ལ་མཇལ་འཕྲད་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-14   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

    ཟླ་10ཚེས་11ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོ་རྒྱལ་སྤྱིའི་མཛའ་གྲོགས་ཚོགས་ཆེན་དང་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་བཙུགས་ནས་ལོ་70འཁོར་བའི་དྲན་གསོའི་བྱེད་སྒོར་ཞུགས་མཁན་ཕྱི་ཕྱོགས་ཀྱི་སྐུ་མགྲོན་ལ་མཉམ་སྡེབ་ཐོག་མཇལ་འཕྲད་གནང་བ།


    ཟླ་10ཚེས་11ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོ་རྒྱལ་སྤྱིའི་མཛའ་གྲོགས་ཚོགས་ཆེན་དང་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་བཙུགས་ནས་ལོ་70འཁོར་བའི་དྲན་གསོའི་བྱེད་སྒོར་ཞུགས་མཁན་ཕྱི་ཕྱོགས་ཀྱི་སྐུ་མགྲོན་ལ་མཉམ་སྡེབ་ཐོག་མཇལ་འཕྲད་གནང་ཞིང་། འདི་ནི་ཞི་ཅིན་ཕིང་དང་ཕྱི་ཕྱོགས་ཀྱི་སྐུ་མགྲོན་འཐུས་མི་ཁག་གཅིག་གིས་ལྷན་ཞུགས་སྐུ་པར་བསྐྱོན་བཞིན་པ།


    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་11ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོ་རྒྱལ་སྤྱིའི་མཛའ་གྲོགས་ཚོགས་ཆེན་དང་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་བཙུགས་ནས་ལོ་70འཁོར་བའི་དྲན་གསོའི་བྱེད་སྒོར་ཞུགས་མཁན་ཕྱི་ཕྱོགས་ཀྱི་སྐུ་མགྲོན་ལ་མཉམ་སྡེབ་ཐོག་མཇལ་འཕྲད་གནང་བ་རེད།

    ཞི་ཅིན་ཕིང་གིས་དང་ཐོག་ཀྲུང་གོར་ཕེབས་ནས་ཀྲུང་གོ་རྒྱལ་སྤྱིའི་མཛའ་གྲོགས་ཚོགས་ཆེན་དང་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་བཙུགས་ནས་ལོ་70འཁོར་བའི་དྲན་གསོའི་བྱེད་སྒོར་ཞུགས་མཁན་ཕྱི་ཕྱོགས་ཀྱི་སྐུ་མགྲོན་འཐུས་མི་ཁག་གཅིག་དང་ལྷན་བཞུགས་སྐུ་པར་བསྐྱོན་པ་མ་ཟད། རྒྱལ་སྤྱིའི་མཛའ་གྲོགས་མི་སྣས་དུས་ཡུན་རིང་པོའི་ནང་ཀྲུང་གོའི་མཛའ་གྲོགས་བྱ་གཞག་ལ་གཞོལ་བར་ཚད་མཐོའི་བསྔགས་བརྗོད་ཀྱང་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། མི་དམངས་ཀྱི་མཛའ་གྲོགས་ནི་རྒྱལ་སྤྱིའི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བའི་རྨང་གཞི་དང་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཛད་མཐའ་མེད་པའི་སྒུལ་ཤུགས་ཤིག་རེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75སོང་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་རང་ངོས་འཕེལ་རྒྱས་འགྲོ་བ་དང་འཛམ་གླིང་ལ་བདེ་སྐྱིད་སྐྲུན་པའི་དེང་རབས་ཅན་གྱི་ལམ་དུ་བསྐྱོད་ཡོད། བསྐྱོད་ཟིན་པའི་ལམ་བུར་ཕྱིར་མིག་ལྟ་སྐབས། ཀྲུང་གོར་ཕྱོགས་གང་ཅིའི་ཐད་ཀྱི་གྲུབ་འབྲས་ཐོབ་པ་དེ་དག་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད། རྒྱལ་སྤྱིའི་མཛའ་གྲོགས་མི་སྣ་འབོར་ཆེན་ཞིག་གིས་ཀྲུང་གོའི་མི་དམངས་དང་སྐྱིད་སྡུག་མཉམ་མྱོང་གནང་བ་དང་། ཕྱི་རྒྱལ་གྱི་ཁེ་ལས་དང་། སྒྲིག་གཞི། མི་སྒེར་བཅས་མང་པོས་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པས། ཕྱོགས་ཁག་ལ་གཉིས་ཁེ་གཉིས་ཕན་བྱུང་བ་མ་ཟད། ཀྲུང་གོ་དང་ཕྱི་རྒྱལ་དབར་གྱི་མཛའ་གྲོགས་དང་། སྤེལ་རེས། མཉམ་ལས་བཅས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཡང་ཕུལ་ཡོད།

    ཚང་མས་ཀྲུང་གོའི་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་བ་དང་ཀྲུང་གོའི་མི་དམངས་དང་ལྷག་བསམ་ཟོལ་མེད་ཀྱི་མཛའ་གྲོགས་འབྲེལ་བ་བཙུགས་པ་ང་ཚོས་ཐོག་མཐའ་བར་གསུམ་དུ་སེམས་ལ་བརྟན་པོར་ངེས་ཀྱི་ཡིན།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དེང་སྐབས་ཀྱི་འཛམ་གླིང་འདི་ཉིད་སླར་ཡང་ལོ་རྒྱུས་ཀྱི་བཞི་མདོ་ཁར་གནས་ཡོད། ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་འོག་གོ་ལ་ཧྲིལ་པོ་ནི་བདེ་སྡུག་མཉམ་མྱོང་དང་མིའི་རིགས་ཀྱི་ལས་དབང་གཅིག་ཏུ་སྦྲེལ་ཡོད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་མདུན་ལམ་གནས་ས་ཞིག་རེད། ཀྲུང་གོས་རྒྱལ་ཁབ་ཁག་གི་གྲོགས་པོ་དང་མཛའ་གྲོགས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་དམངས་ཁྲོད་ཕྱི་འབྲེལ་གྱི་དམིགས་བསལ་ནུས་པ་བཏོན་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་འདོད་ཡོད།

    གཅིག་ནས“གོ་ལ་ཧྲིལ་པོ་མཉམ་རོགས”ཀྱི་འདུ་ཤེས་ལ་བརྟེན་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་གཅིག་སྒྲིལ་བྱེད་དགོས། ཞི་བདེ་དང་། འཕེལ་རྒྱས། དྲང་གཞག དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་སྤྱི་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བ་དང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་བཏང་སྟེ། ང་ཚོ་མཉམ་དུ་འཚོ་བ་སྐྱེལ་བའི་སའི་གོ་ལ་འདི་ཞི་བདེ་དང་། འཆམ་མཐུན། ཞི་མཐུན་བཅས་ཀྱི་ཁྱིམ་ཚང་ཆེན་པོ་ཞིག་ཏུ་སྐྲུན་དགོས།

    གཉིས་ནས་མཉམ་ལས་གཉིས་ཕན་གྱི་འདུ་ཤེས་ལ་བརྟེན་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། ཀྲུང་གོས་ཐབས་མཁས་རང་སྲུང་གི་དེང་རབས་ཅན་དོན་གཉེར་བྱེད་ཀྱི་མེད། ཕྱི་རྒྱལ་གྱི་གྲོགས་པོ་དེ་བས་མང་བ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ནང་ཧུར་ཐག་ཞུགས་པར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་གསར་པས་འཛམ་གླིང་གི་འཕེལ་རྒྱས་ལ་གོ་སྐབས་གསར་པ་ཟམ་མི་ཆད་པར་བསྐྲུན་ཏེ་ཞི་བདེ་འཕེལ་རྒྱས་དང་། གཉིས་ཕན་མཉམ་ལས། ཐུན་མོང་དར་རྒྱས་བཅས་ཀྱི་འཛམ་གླིང་དེང་རབས་ཅན་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེ་བ་སྐྲུན་འདོད་ཡོད།

    གསུམ་ནས་སྒོ་དབྱེ་བསྟུན་མཁས་ཀྱི་བློ་རྒྱའི་ཐོག་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ཤེས་དཔལ་གྱི་ཤོག་དྲིལ་རི་མོ་ཞིག་འབྲི་དགོས། ཀྲུང་ཧྭ་མི་རིགས་ནི་སྒོ་དབྱེ་བསྟུན་མཁས་ཀྱི་མི་རིགས་ཤིག་དང་། ཀྲུང་གོའི་མི་དམངས་ནི་སེམས་བཟང་མཛའ་གྲོགས་ཀྱི་མི་དམངས་ཤིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་ལག་ལེན་བསྟར་ཏེ་ཟོལ་མེད་ཀྱི་འབྲེལ་གཏུག་དང་། རྒྱུས་མངའ་ཟབ་གཏོང་། མཛའ་གྲོགས་ཟབ་གཏོང་བཅས་བྱས་ཏེ་ཤེས་དཔལ་སྤེལ་རེས་ལ་བརྟེན་ནས་ཤེས་དཔལ་གྱི་བར་འགལ་སེལ་བ་དང་ཤེས་དཔལ་ཕན་ཚུན་དཔྱད་གཞིར་བཟུང་ནས་ཤེས་དཔལ་གྱི་འགལ་རྐྱེན་ལས་སྒྲོལ་འདོད་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་གུང་ཁྲན་ཏང་ནི་མི་དམངས་ལ་ཞབས་འདེགས་ཞུ་མཁན་ཏང་ཡིན་པ་དང་། ཀྲུང་གོ་སྲིད་གཞུང་ནི་མི་དམངས་ཀྱི་སྲིད་གཞུང་ཡིན་པ། ཀྲུང་གོའི་ཕྱི་འབྲེལ་ནི་མི་དམངས་ཀྱི་ཕྱི་འབྲེལ་ཡིན། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱིས་ཀྲུང་གོ་དང་ཕྱི་རྒྱལ་མི་དམངས་ཀྱི་མཛའ་གྲོགས་འཕེལ་རྒྱས་གཏོང་བ་དང་རྒྱལ་སྤྱིའི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་སྤྱིར་བཏང་མིན་པའི་ནུས་པ་འདོན་པ་དང་། མཛའ་གྲོགས་འབྲེལ་ཟམ་དུ་བྱེད་པ་དང་གཅིག་སེམས་གཅིག་སྦྲེལ་གྱིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་དམངས་ཁྲོད་མཛའ་གྲོགས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། རྒྱལ་ཁབ་ཁག་གི་གྲོགས་པོ་དང་མཐུན་སྒྲིལ་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་ལག་ལེན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཞུགས་མཁན། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པ་དང་དམངས་སེམས་གཅིག་མཐུན་གྱི་སྐུལ་འདེད་པ། མི་དམངས་ཀྱི་མཛའ་གྲོགས་བྱ་གཞག་གི་རྒྱུན་འཛིན་པ་བཅས་ཐུན་མོང་ཐོག་བྱེད་པར་སྔ་ཕྱི་བར་གསུམ་དུ་རྒྱབ་སྐྱོར་བྱེད་ཀྱི་ཡིན།

ནི་ཀྲེ་རི་ཡའི་ཙུང་ཐུང་ཟུར་པ་ཨོ་པཱ་སང་ཆའོ་དང་། ཐེ་ལན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཟུར་པ་ཕོ་ཆིན། ཨ་རིའི“ཀུའུ་ལིང་གི་གྲོགས་པོ”སྐོང་བསྡུ་བྱེད་མཁན་མུའུ་ཡན་ལིང་བཅས་ཀྱིས་ཕྱི་ཕྱོགས་ཀྱི་ཚབ་ཞུས་ནས་གཏམ་བཤད་སྤེལ་བ་རེད། ཁོང་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་འབྲེལ་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱིས་དམངས་ཁྲོད་ཕྱི་འབྲེལ་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་བསམ་ཤེས་དང་མཛའ་གྲོགས་ཟབ་ཏུ་གཏོང་བའི་ཐད་བཏོན་པའི་དམིགས་བསལ་གྱི་ནུས་པར་ཚད་མཐོའི་གདེང་འཇོག་བྱས་ཤིང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོ་དབུལ་སྒྲོལ་བདེ་བླག་བྱུང་ནས་འཕེལ་རྒྱས་མྱུར་པོ་ཕྱིན་ཏེ་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རེ་བའི་ལམ་སྟོན་སྒྲོན་མེར་གྱུར་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སོགས་ཀྱི་གྲོས་འགོ་བཏོན་པ་དེ་ཐོག་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཐད་ཀྱི་གཟིགས་རྒྱང་རིང་ལ་མཁྱེན་རྒྱ་ཡངས་པ་དང་འགན་འཁྲི་འཁུར་སེམས་མངོན་པ་མ་ཟད། འཛམ་གླིང་རྒྱལ་ཁབ་ཁག་དབར་མཉམ་ལས་དམ་ཟབ་དང་གཉིས་ཁེ་གཉིས་ཕན་ཡོང་ཆེད་ཁ་ཕྱོགས་གསལ་སྟོན་གནང་ཡོད་པས་ཀྲུང་གོའི་འཕེལ་རྒྱས་དང་དར་རྒྱས་ལས་འཛམ་གླིང་ལ་མུ་མཐུད་བདེ་སྐྱིད་སྐྲུན་ཐུབ་ངེས་རེད། ཀྲུང་གོ་ཕྱོགས་དང་ཁྱབ་ཁོངས་ཁག་གི་མཛའ་གྲོགས་དང་། སྤེལ་རེས། མཉམ་ལས་བཅས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་མི་དམངས་ཀྱི་མཛའ་གྲོགས་མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་བཙུགས་ཏེ་འཛམ་གླིང་ཞི་བདེ་དང་། འཕེལ་རྒྱས། དར་རྒྱས་བཅས་ཀྱི་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

    ཕྱི་རྒྱལ་གྱི་སྲིད་ཕྱོགས་མི་སྣ་གལ་ཆེན་ཟུར་པ་དང་། རྒྱལ་པོ་ཚང་གི་ཁོངས་མི། རྒྱལ་སྤྱིའི་མཛའ་གྲོགས་རྩ་འཛུགས་ཀྱི་འགན་འཁུར་བ། མཛའ་གྲོགས་མི་སྣ་སོགས་མི་200ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།

    ཚའེ་ཆི་དང་། ཧན་ཀྲེང་། ཝང་དབྱི་སོགས་མཇལ་འཕྲད་ལ་ཕེབས་པ་རེད།