ཁ་སང་།སྨན་རིའི་འདབས་ནས་རིག་གནས་སྒྱུ་རྩལ་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ10པའི་ཚེས15ཉིན།“བཀྲ་ཤིས་འཇོལ་གྱི་ལྷན་འཛོམས།”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2024་ལོའི་ཀྲུང་གོའི་སྨན་རིའི་གཞས་རིག་གནས་སྒྱུ་རྩལ་འགྲེམས་སྟོན་སྐབས་བཅུ་པ་དང་།ཅ་ཏིང་གིས་འཇོལ་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་20འཁོར་བའི་ཐོག་མའི་གསར་རྩོམ་རོལ་དབྱངས་འདུ་ཚོགས། སྨན་རིའི་རྒྱལ་སྤྱིའི་རྒུན་ཆང་འོས་སྦྱོར་བྱེད་སྒོ་སྐབས་གཉིས་པ་དེ་འཇོལ་རྫོང་སྨན་རིའི་མཛེས་ལྗོངས་ཁུལ་དུ་འགོ་ཚུགས་པ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཡན་ལན་གྱིས་འགོ་ཚུགས་ཁྱབ་བསྒྲགས་གནང་བ།

    འཁྲབ་སྟོན་དེ་“གངས་རིའི་གདན་ཞུ·སྨན་རིའི་མགྲོན་བསུ”དང་“གངས་རིའི་བསྟོད་པ·སྨན་རིའི་གཏམ་རྒྱུད”སོགས་ལེའུ་བཞི་རུ་དབྱེ་ནས།འཇོལ་རྫོང་གི་གཏིང་ཟབ་པའི་རིག་གནས་ཀྱི་ནང་དོན་གང་ལེགས་མངོན་ཡོད།འཇོལ་རྫོང་མི་དམངས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གྱི་གསོན་ཉམས་དོད་པའི་རྣམ་པ་མངོན་པའི་མཉམ་གཞས《མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ》ཞེས་པའི་འཁྲབ་སྟོན་ཁྲོད་མཇུག་འགྲིལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།བྱེད་སྒོའི་དམིགས་ཡུལ་ནི་འཇོལ་རྫོང་གི་མི་རིགས་ཁག་གི་བུ་ཕྲུག་ཚོས་གནད་སྨིན་འཐུས་ཚང་དུ་འགྲོ་བ་དང་ཕན་ཚུན་བརྩེ་སེམས་ཟབ་ཏུ་འགྲོ་བའི་བསམ་པའི་མཚོན་རྟགས་གསལ་འགྲེལ་གཏིང་ཟབ་བྱས་ཏེ། ཅ་ཏིང་དང་འཇོལ་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་།སོ་ལྟ་རོགས་རེས།མཐུན་སྒྲིལ་ཡར་ཐོན་བཅས་ཀྱི་“འབྲེལ་གསུམ”དང་། ཧྲང་ཧའེ་དང་ཡུན་ནན་གྱི་བརྩེ་སེམས་ཟབ་མོ་དང་འཇོལ་གྱིས་“རི་བོ་གཉིས”ཀྱི་འདུ་ཤེས་ལག་ལེན་བསྟར་བ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་གྱི་གྲུབ་འབྲས་གསོན་ཉམས་ལྡན་པའི་ངང་ཟིན་ཐོ་བཀོད་པ་རེད།

    ཧྲང་ཧའེ་ཅ་ཏིང་ཆུས་ཀྱི་ཆུས་ཀྲང་གཞོན་པ་ཝེ་ཞའོ་ཏུང་དང་།རང་ཁུལ་གྱི་འགོ་ཁྲིད་ཞའོ་ཞུས།ཧོང་ལུང་ཞིན།ཧྲི་ཁྲུན་མིན་སོགས་ཞུགས་ཡོད།