​ཧྲང་ཧའེ་ཅ་ཏིང་དང་འཇོལ་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ10པའི་ཚེས15ཉིན།“ཅ་ཏིང་དང་འཇོལ་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ།”ཧྲང་ཧའེ་ཅ་ཏིང་དང་ཡུན་ནན་འཇོལ་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་20འཁོར་བའི་ཐོག་མའི་གསར་རྩོམ་རོལ་དབྱངས་འདུ་ཚོགས་དེ་སྨན་རིའི་དགོན་པ་སྟེང་ལྗོངས་ལྟ་སྟེགས་བུའི་ཐོག་སྤེལ་བ་རེད། རོལ་དབྱངས་འདུ་ཚོགས་དེ་གླུ་གར་འབྲེལ་ཐག་དུ་བྱེད་པ་དང་རིག་གནས་མཚམས་སྦྱོར་དུ་བྱས་ནས་ཧྲང་ཧའེ་དང་བདེ་ཆེན་གྱི་བརྩེ་སེམས་ཟབ་ཏུ་གཏོང་བ་དང་།    ལག་གདང་སྦྲེལ་ནས་དར་རྒྱས་གཏོང་བའི་རིག་གནས་ཀྱི་སྦྲེལ་ཟམ་ཞིག་བསྐྲུན་པ་རེད།    

    རོལ་དབྱངས་འདུ་ཚོགས་ཐོག་ངོ་མཚར་ཆེ་བའི་ལེ་ཚན་གྱི་ཐོག་ནས་མི་རིགས་མཐུན་སྒྲིལ་དང་།    སྤྱི་ཚོགས་ཞི་མཐུན།    དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་མངོན་ཡོད།    ས་གནས་གཉིས་ཀྱི་ཕུལ་བྱུང་རོལ་དབྱངས་པས་མཉམ་དུ་གསར་རྩོམ་བྱས་པའི་གསར་རྩོམ་རོལ་དབྱངས་ཆེད་སྒྲིག《ཅ་ཏིང་དང་འཇོལ་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ》ཞེས་པ་དེའང་བྱེད་སྒོ་སྤེལ་ཡུལ་དུ་རོལ་དབྱངས་ཆེད་བསྒྲིགས་འགྲེམས་སྤེལ་གྱི་བྱེད་སྒོ་སྤེལ་བ་རེད། 

    ལོ་20ཡི་རིང་ཅ་ཏིང་ཆུས་ཀྱིས་རོགས་སྐྱོར་རྣམ་གྲངས་ཁྱོན་397ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་བ་དང་།    ཅ་ཏིང་ཆུས་ཀྱི་ཏང་སྲིད་ལས་བྱེད་པ་12དང་ཆེད་ལས་ལག་རྩལ་མི་སྣ་49འཇོལ་རྫོང་ལ་གནས་སྦྱར་བྱས་ཏེ་ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས་མཉམ་དུ་འཕེལ་རྒྱས་གཏོང་བ་དང་།    ཐོན་ལས་འཕེལ་རྒྱས་དང་།    འཛད་སྤྱོད་མཉམ་འདོམས།    ངལ་ནུས་རོགས་ལས་བཅས་ལ་དམིགས་ཏེ་ས་གནས་གཉིས་ཀྱི་ཐོན་ཁུངས་ཕན་གསབ་དང་མཉམ་ལས་མཉམ་སྐྲུན་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།