ཁུལ་མི་དམངས་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་ཐེངས་61པ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-16   རྩོམ་ཁུངས།   

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ་10པའི་ཚེས་15ཉིན་གྱི་སྔ་དྲོར། ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཁུལ་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་61པ་གཙོ་སྐྱོང་བྱས་ནས་འཚོགས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུའུ་ཨེར་མི་རིགས་མཐུན་སྒྲིལ་དམ་འཇོག་རྡོ་རིང་མདུན་དུ་དམ་བཅའ་འཇོག་མཁན་འཐུས་མིའི་རྗེས་རབས་པར་སྤྲེངས་བའི་འཕྲིན་ལན། བཟའ་བཅའ་བདེ་འཇགས་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་དགོངས་དོན་དང་《ས་གནས་ཏང་སྲིད་འགོ་ཁྲིད་ཀྱི་བཟའ་བཅའི་བདེ་འཇགས་ལས་འགན་ལམ་ལུགས།》ཞིང་དཔོན་ཝང་ཡུས་པོས་བདེ་ཆེན་དུ་བརྟག་དཔྱད་གནང་སྐབས་ཀྱི་མཛུབ་སྟོན་བླང་བྱ་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་དོན་འཁྱོལ་ལག་བསྟར་བསམ་འཆར་ཞིབ་འཇུག་བྱས།

    ཚོགས་འདུའི་ཐོག་རིམ་ཁག་སྡེ་ཚན་སོ་སོས་ཆབ་སྲིད་ཀྱི་ཚུགས་གནས་དེ་བས་མཐོ་རུ་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་འཕྲིན་ལན་དགོངས་དོན་གལ་ཆེའི་ཆབ་སྲིད་ལས་འགན་ཞིག་ཏུ་རྩིས་བ་དེ་མི་རིགས་ལས་དོན་ཤུགས་ཆེ་རུ་གཏོང་བ་དང་ལེགས་སུ་གཏོབ་བ་སྐོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གཙོ་བོ་སློབ་སྦྱོང་བརྒྱུད་བསྒྲགས། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་བླང་བྱ་དོན་འཁྱོལ་ལག་བསྟར། ལྷག་པར་ཉེ་དུས་ཞིང་དཔོན་ཝང་ཡུས་པོ་བདེ་ཆེན་དུ་བརྟག་དཔྱད་གནང་སྐབས་བཏོན་པའི་ལས་དོན་བླང་བྱ་དང་ཟབ་འབྲེལ་བྱས་པ།  བདེ་ཆེན་གྱི་དོན་དངོས་ལ་བརྟེན་ནས་སྟོབས་ཤུགས་ཡོད་ཚད་ཀྱིས་“དོན་ཆེན་བཞི་”དམ་འཛིན་བྱེད་དགོས།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གསར་གཏོད་གྲུབ་འབྲས་རྒྱུན་མཐུད་བརྟན་པོ་འཛུགས་པ། ཁུལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་མཐུན་བྱ་བཞག་ལ་མཐོ་འདེགས་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་།

    ཚོགས་འདུའི་ཐོག་རིམ་པ་ཁག་གི་སྡེ་ཚན་སོ་སོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་རྒྱུན་མཐུན་ངང་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། ཐོག་མཐའ་བར་གསུམ་སུ་བཟའ་བཅའི་བདེ་འཇགས་དེ་དམངས་འཚོའི་དོན་ཆེན་དུ་རྩིས་བ། བཟའ་བཅའི་ཟས་རིགས་བདེ་འཇགས་ཀྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས། བཟའ་བཅའི་བདེ་འཇགས་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་བཟའ་བཅའི་བདེ་འཇགས་ཉེན་ཁ་གནད་འཕིགས་རིམས་འགོག་བྱེད་དགོས།  བཟའ་བཅའི་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ། གནད་ཆེ་ཁྱབ་ཁོངས། གལ་ཆེའི་ས་གནས། གནད་ཆེའི་དུས་ཚིགས། གནད་ཆེའི་སྣ་རིགས་ཀྱི་ཉེན་ཁ་ལེབ་བཤེར་ལེགས་སྒྲིག་བྱེད་པ། གྲོང་གསེབ་ཀྱི་བཟའ་བཅའི་བདེ་འཇགས་དང་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཕྱོགས་ཡོངས་ནས་ལེགས་སྒྲིག་བྱེད།   གྲོང་གསེབ་ཀྱི་ཐུན་མོང་འཛོམས་སྟོན་ཚད་ལྡན་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་། ཟས་དུག་ཕོག་པའི་རིམས་འགོག་དམ་འཛིན་བྱེད། སྟོབས་ཤུགས་ཡོད་ཚད་ཀྱིས་མི་དམངས་མང་ཚོགས་ཀྱི་“ལྕེ་ཐོག་གི་བདེ་འཇགས་”སྲུང་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན།

    ཚོགས་འདུའི་ཐོག་མིག་སྔར་བདེ་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས།ཞིང་དཔོན་ཝང་ཡུས་པོ་རང་ཁུལ་དུ་ཟབ་ཞུགས་བྱས་ནས་བརྟག་དཔྱད་གནང་བ། ཡུལ་དངོས་སུ་གཞུང་ལས་ཚོགས་འདུ་འཚོགས་ནས། ཞིང་ཆེན་དང་ཁུལ། རྫོང་གིས་སེམས་མཐུན་ཤུགས་སྒྲིལ་དང་ཡིད་ཆེས་འགྱུར་མེད་དང་སྟོབས་ཤུགས་ཡོད་ཚད་ཀྱིས་གནད་ཆེའི་ལས་དོན་ལ་སྐུལ་འདེད་གཏོང་དགོས་པའི་བརྡ་རྟགས་གནང་ཞིང་། རིམ་ཁག་གི་སྡེ་ཚན་སོ་སོས་ཞིང་དཔོན་ཝང་ཡུས་པོའི་མཛུབ་སྟོན་བླང་བྱ་གཏིང་ཟབ་ཏུ་སློབ་སྦྱོང་ལག་བསྟར་བྱེད་པ་དང་།ཞིང་ཨུ། ཞིང་ཆེན་སྲིད་གཞུང་གི་ཡིད་རྟོན་དང་རོགས་སྐྱོར་དེ་ལས་དོན་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བ་དང་སྟོབས་ཤུགས་ཡོད་ཚད་ཀྱིས་ལག་བསྟར་དམ་འཛིན་བྱེད་དགོས་པའི་ནན་བཤད་གནང་བ།

    ཚོགས་འདུའི་ཐོག་ད་དུང་དོན་འགན་གཞན་པ་ཞིབ་འཇུག་བྱས་ཡོད།

    ཁུལ་འགོ་ཁྲིད་དབྱང་ཞུའེ་ཝེ། ཡུས་ཀུའེ་ཧྥེན། ལིན་ཧའོ། པའོ་ཡུས་ཏུང་། ཀྲོང་ཞའོ་ཕིང་དང་ཁུལ་རིམ་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་ཚོགས་འདུར་ཞུགས།