ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་2024ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་བཅུ་པ་སྤེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-17   རྩོམ་ཁུངས།   

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ་10པའི་ཚེས་15ཉིན།   ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་2024ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་བཅུ་པ་དང་“བདེ་ཆེན་སློབ་ཁང་ཆེན་མོའི་སློབ་ཚན་ཐེངས་བཞི་པ་”སྤེལ་བ། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་དང་དངུལ་རྩའི་ལས་དོན་སྐོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། རིམ་ཁག་གི་འགོ་ཁྲིད་ཀྱིས་དངུལ་རྩ་སློབ་སྦྱོང་དང་།དངུལ་རྩ་ཤེས་པ། དངུལ་རྩ་སྤྱོད་པའི་ནུས་ཤུགས་དེ་བས་མཐོ་རུ་གཏོང་བ་དང་དངུལ་རྩ་ལ་བརྟེན་ནས་ཁུལ་ཡོངས་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་།

ཀྲང་ཝེ་ཏུང་། ཕེང་ཧྲན། མིའོ་ཡིའུ་ཧྥ་བཅས་སློབ་སྦྱོང་དུ་ཞུགས།

    རྒྱལ་ཁབ་གསར་སྤེལ་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི། ཧྲང་ཀྲང་ཕེང་ཀྲའོ་ཝུན། རྒྱལ་ཁབ་གསར་སྤེལ་དངུལ་ཁང་ཡུན་ནན་ཡན་ལག་དངུལ་ཁང་གི་འབྲེལ་ཡོད་ཁྲུའུ་ཡི་འགན་འཁུར་བས་དུས་བབ་གསར་པའི་འོག་དངུལ་སྲིད་མཉམ་ལས་ཐད་བསམ་གཞིགས་རགས་ཙམ་དེ་བརྗོད་དོན་གཙོ་བོར་གྱུར་བ། དངུལ་རྩའི་ལས་དོན་སྐོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཀྲུང་དབྱང་། ཞིང་ཨུའི་དངུལ་རྩའི་ལས་དོན་ཚོགས་འདུའི་དགོངས་དོན་ཆེད་དོན་དང་ཟུང་འབྲེལ་བྱས་ནས་ཟུར་ཁྲིད་བྱེད་དེ། བདེ་ཆེན་གྱིས་ད་ལྟའི་དུས་རིམ་ནས་ཅི་འདྲས་དངུལ་རྩའི་ལས་དོན་དང་དངུལ་སྲིད་མཉམ་ལས་ཡག་པོ་སྒྲུབ་རྒྱུར་བསམ་གཞི་བཏོན་པ།

    ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་རིམ་ཁག་གི་སྡེ་ཚན་སོ་སོས་དངུལ་རྩའི་ལས་དོན་སྐོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ཤེས་རྟོགས་དང་དངུལ་རྩའི་ལམ་ལུགས་བསྒྱུར་བཅོས་སྐོར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐབས་ཇུས་བཀོད་སྒྲིག   ཞིང་ཨུའི་ལས་དོན་བླང་བྱ་དང་ཟུང་འབྲེལ་བྱེད་པ་དང་།གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད། དངུལ་རྩའི་ལག་ཆས་གང་ལེགས་སྤྱོད་པ། བྱ་ཐབས་ནུས་ལྡན་སྤྱོད་ནས་ཆད་སྐྱོན་སེལ་བ་དང་ཞན་ཆ་ལེགས་སུ་གཏོང་བ།  ཁུལ་ཡོངས་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།

ལུའོ་ཁྲའོ་ཧྥེང་གིས་དངུལ་རྩས་དངོས་གཞིའི་དཔལ་འབྱོར་ཞབས་འདེགས་ཞུ་རྒྱུར་ཧུར་ཐག་ངང་སྣེ་ཁྲིད་བྱེད་པ། རིག་གནས་ཡུལ་སྐོར་དང་ས་མཐོའི་ཁྱད་ལྡན་དེང་རབས་ཞིང་ལས། ལྗང་མདོག་ནུས་ཁུངས། ལྗང་མདོག་གཏེར་ལས་ལ་ཞབས་འདེགས་ཞུ་བར་དམིགས་ནས།     ཡུལ་བབ་དང་སྟུན་པས་དངུལ་རྩའི་ཞབས་འདེགས་ཀྱི་རྣམ་པ་དང་ཐོན་རྗས་བཟོ་པ། ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་དེ་བས་ལེགས་པའི་ངང་བསྒྱུར་བ། དངུལ་རྩ་དེ་མི་དམངས་ལྟེ་བར་གྱུར་བའི་རིན་ཐང་གི་ལྟ་བ་འཛིན་ཕྱོགས་རྒྱུན་འཁྱོངས་བྱེད། དངུལ་རྩའི་འཕེལ་རྒྱས་གྲུབ་འབྲས་ཀྱིས་དེ་བས་ལེགས་པའི་སྒོ་ནས་མི་རིགས་སོ་སོའི་མང་ཚོགས་ལ་ཕན་པར་སྣེ་ཁྲིད་བྱེད། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་ཞུབས་འདེགས་ཞུ་དགོས། མུ་མཐུད་དུ་“རྒན་པ་གཅིག་དང་ཆུང་བ་གཅིག་”་གི་གནད་དོན་ལ་དོ་འཁུར་བྱེད་པ་དང་རྒན་གསོ་དངུལ་རྩའི་ལས་དོན་ཡག་པོ་སྒྲུབ་དགོས། རྒྱུད་རིམ་ལྡན་པའི་དངུལ་རྩའི་ཉེན་ཁའི་མཐའ་ཚད་དམ་འཛིན་བྱེད་པ། དངུལ་ཁང་དང་འགན་བཅོལ་སོགས་དངུལ་རྩའི་ལས་ཁུངས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། འབྱུང་རྩའི་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ལྟ་ཞིབ་ཚད་ལེན་གྱི་སྔོན་ཚུད་ཉེན་བརྡ་དང་ཐོག་མའི་དག་བཅོས་ལམ་ལུགས་འཐུས་ཚང་གཏོང་བ། ཉེན་ཁ་དེ་ཐོག་མར་མེད་པར་དང་འགོག་པར་བྱེད་དགོས། སྤྱི་ཚོགས་ཡིད་རྟོན་མ་ལག་འཐུས་ཚང་བྱེད་པ། དངུལ་རྩ་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལས་ཀའི་ལམ་ལུགས་འཛུགས་པ། དངུལ་རྩའི་འཕེལ་རྒྱས་རྣམ་པ་ལེགས་པོ་ཞིག་འཛུགས་དགོས་པའི་བླང་བྱ་བཏོན།

    ལུའོ་ཁྲའོ་ཧྥེང་གིས་རིམ་ཁག་འགོ་ཁྲིད་ལས་བྱེད་པས་མུ་མཐུད་ནས་དངུལ་རྩའི་བྱང་ཚད་དང་ནུས་པ་མཐོར་གཏོང་བ། གནད་དོན་དང་ལས་འགན་ལ་བརྟེན་ནས་རང་འགུལ་གྱིས་དངུལ་རྩའི་ཤེས་བྱ་གཏིང་ཟབ་ཀྱིས་སློབ་སྦྱོང་བྱེད།  ཕྱིར་འདྲེན་ནས་གསོ་ཐབས་ཇུས་ཆེན་པོ་གཉིས་ལག་བསྟར་བྱས་ནས་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དངུལ་རྩའི་ཤེས་ལྡན་པའི་རུ་ཁག་འཛུགས་དགོས་པའི་བླང་བྱ་བཏོན་པ།

    ཁུལ་ཨུའི་རིགས་པའི་གཞུང་ལུགས་ལྟེ་བའི་ཚོ་ཆུང་གི་ཁོངས་མི། འབྲེལ་ཡོད་ཁུལ་གྱི་འགོ་ཁྲིད་སློབ་སྦྱོང་དུ་ཞུགས། ཁུལ་རིམ་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་སློབ་སྦྱོང་དུ་ཞུགས། རྫོང་གསུམ་(གྲོང་ཁྱེར།)སེམས་ཀྱི་ཉི་ཟླ་ཐོན་ལས་གླིང་་ཁུལ་བཅས་ལ་ཡན་ལག་ཚོགས་ར་བཙུགས་པ་རེད།