སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་108འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-17   རྩོམ་ཁུངས།   

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ་10པའི་ཚེས་16ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་108གཙོ་སྐྱོང་བྱས་ནས་འཚོགས་པ། ཉེ་དུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་དང་མཛུབ་སྟོན་མཆན་བཀོད་དགོངས་དོན།  ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན། ཞིང་ཨུའི་འབྲེལ་ཡོད་གྲོས་ཚོགས་དགོངས་དོན་དང་ལས་ཀའི་བླང་བྱ་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་རང་ཁུལ་གྱི་དོན་འཁྱོལ་ལག་བསྟར་བསམ་གཞི་ཞིབ་འཇུག་བྱས་པ།

    ཀྲང་ཝེ་ཏུང་།ལི་ཡན་ལན། ཕེང་ཧྲན། མིའོ་ཡིའུ་ཧྥ་བཅས་གྲོས་ཚོགས་སུ་ཞུགས།

    གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ་9པའི་ཚེས་26ཉིན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཐོག་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་གཏིང་ཟབ་ཏུ་སློབ་སྦྱོང་ལག་བསྟར་བྱེད་པ། འགན་འཁྲི་ཁུར་སེམས་དང་དུས་གཏུག་གི་བསམ་པ་ནན་པོའི་ངང་ཤུགས་ཆེ་རུ་གཏོང་བ། ལོ་འཁོར་གྱི་དམིགས་འབེན་ལས་འགན་ཁག་སྟོབས་ཤུགས་ཡོད་ཚད་ཀྱིས་ལེགས་སྒྲུབ་བྱེད་དགོས་པའི་ནན་བཤད་གནང་།

གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ཐོག་གི་གལ་ཆེའི་གསུང་བཤད་དགོངས་དོན་གཏིང་ཟབ་ཏུ་སློབ་སྦྱོང་ལག་བསྟར་བྱེད་པ་དང་རང་ཁུལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་དཔེ་སྟོན་ཁུལ་འབད་བརྩོན་གྱིས་འཛུགས་དགོས་པའི་ནན་བཤད་གནང་།

    གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“དྲུག་ཅུ་དབུ་དཀར་བྱ་སྤྱོད་”རྒན་རྒོན་དང་བླངས་པའི་འཐུས་མིར་འཕྲིན་ལན་སྤྲིངས་བའི་དགོངས་དོན་ནན་ཏན་གྱིས་དོན་འཁྱོལ་ལག་བསྟར་བྱེད་པ། རྒན་གསོ་ཞབས་ཞུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལོ་གསུམ་བྱ་སྤྱོད་ནན་ཏན་གྱིས་སྐུལ་འདེད་གཏོང་བ། “དྲུག་ཅུ་དབུ་དཀར་དགེ་རྒན་”དང་“དྲུག་ཅུ་དབུ་དཀར་སྨན་པའི་”འཆར་གཞི་གཏིང་ཟབ་ཏུ་ལག་བསྟར་བྱེད་དགོས་པའི་ནན་བཤད་གནང་།

    གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཚོགས་པའི་རྒྱལ་ཡོངས་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པར་སྤྲེངས་བའི་འཕྲིན་ཡིག་དགོངས་དོན་གཏིང་ཟབ་ཏུ་སློབ་སྦྱོང་ལག་བསྟར་བྱེད་པ། རྒྱ་གྲམ་དམར་རྟགས་དང་བླངས་ཞབས་ཞུ་དེ་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་དང་མུག་སྐྱོབ་ལས་ཀར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་།

    གྲོས་ཚོགས་ཐོག་རྒྱལ་ཡོངས། ཞིང་ཡོངས་ཀྱི་མང་ཚོགས་མཐའ་སྐོར་གྱི་ཚུན་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་ལེགས་བཅོས་ལས་དོན་སྐུལ་འདེད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ནས། ཁུངས་སྣེ་ཐག་གཅོད་དང་གྱོད་གཞི་ཞིབ་གཅོད་ཀྱི་སྤུས་ཚད་དང་ཕན་ནུས་དེ་བས་མཐོ་རུ་གཏོང་བ།ལས་རིགས་སྡེ་ཁག་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད།མུ་མཐུད་ནས་རིགས་སོ་སོའི་ལྟ་སྐུལ་མཉམ་སྒྲུབ་ལ་སྐུལ་འདེད་གཏོང་ནས་ལེགས་བཅོས་ལས་ཀར་གྲུབ་འབྲས་ཐོབ་པར་ཁག་ཐེག་བྱེད་དགོས་པའི་ནན་བཤད་གནང་།

    གྲོས་ཚོགས་ཐོག་རང་ཁུལ་གྱི་2024ལོའི་དཔྱད་བསྡུར་ལས་ཀའི་ཐད་ཆེད་དོན་ཞིབ་འཇུག་བྱས་པ་དང་།དཔྱད་བསྡུར་སྒྲིག་སྲོལ་ཕྲ་ཞིབ་ལ་ལྟར་ནས་རང་བསྡུར་རང་བཤེར་བྱེད་པ།ལས་ཀ་ལེགས་སྒྲུབ་བྱས་ཚུལ་གསེད་པ་དང་ཞིབ་བསྡུར་བྱེད་པ།ཆད་སྐྱོན་དང་ཞན་ཆ་ཆད་གསབ་བྱེད། ཞིང་རིམ་སྡེ་ཚན་ལ་སྙན་ཞུ་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་།

    གྲོས་ཚོགས་ཐོག་བདེ་འཇགས་ཐོན་སྐྱེད་དང་མེ་སྐྱོན་འགོག་གསོད་ཀྱི་བདེ་འཇགས་ལས་ཀའི་གནས་ཚུལ་སྙན་ཞུ་ཉན་རྗེས། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བ་དེ་དམ་པོར་འཛིན་པ།“དོ་དམ་གསུམ་དང་ངེས་པ་གསུམ་”གྱི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ། འགྲོ་ལམ་འགྲིམ་འགྲུལ་སོགས་གནད་ཆེའི་མངའ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་ཀ་གནད་ཆེ་གཙོར་བཟུང་བ། ནགས་ཚལ་མེ་སྐྱོན་འགོག་གསོད་སོགས་ཀྱི་སྔོན་འགོག་ལས་ཀ་དམ་འཛིན་བྱེད་པ། སྟོབས་ཤུགས་གང་ཡོད་ཀྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་ནན་བཤད་གནང་།

    གྲོས་ཚོགས་ཐོག་ཁུལ་ཡོངས་སློབ་གྲྭའི་བསམ་སྲིད་སློབ་ཚན་གྱི་འཛུགས་སྐྱོང་གནས་ཚུལ་སྙན་སེང་ཞུ་ཉན་ནས། བསམ་སྲིད་སློབ་ཚན་ནི་མི་བཟང་གསོ་སྐྱོང་ལས་འགན་རྩ་བའི་འགག་རྩའི་སློབ་ཚན་ཡིན་པས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དྲག་ཆས་སྤྲས་པ་སློབ་ཚན་དུ་ཞུགས་པ།སློབ་མའི་བསམ་བློ། སློབ་སྦྱོང་།འཚོ་བའི་དོན་དངོས་དང་ཉེ་བ། བདེ་ཆེན་གྱི་མི་རིགས་མཐུན་སྒྲིལ། གྲོང་གསེབ་དར་སྤེལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སོགས་ལག་བསྟར་གང་ལེགས་སྤྱོད་ན། ཆེད་ལས་ཅན་གྱི་བསམ་སྲིད་སློབ་ཚན་དགེ་རྒན་རུ་ཁག་གསོ་སྐྱོང་བྱེད་པ། བསམ་སྲིད་སློབ་ཚན་གཏིང་ཟབ་དང་གསོན་ཉམས་ལྡན་པའི་ངང་སློབ་འཁྲིད་བྱེད་དགོས་པའི་ནན་བཤད་གནང་།

    ཁུལ་འགོ་ཁྲིད་དབྱང་ཙི་ཅང་།ཁྲིན་ཆོན། དབྱང་ཞུའེ་ཝུན།ཧྥེན་པིང་ཆང་གྲོས་ཚོགས་སུ་ཞུགས།