ཁུལ་ཡོངས་རྨོ་ཞིང་སྲུང་སྐྱོང་དང་བེད་མེད་དུ་སྐྱུར་བའི་ས་ཆ་ཐག་གཅོད་ལས་ཀའི་སྐུལ་འདེད་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-17   རྩོམ་ཁུངས།   

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་10པའི་ཚེས་16ཉིན་ཕྱི་དྲོར། ཁུལ་ཡོངས་རྨོ་ཞིང་སྲུང་སྐྱོང་དང་བེད་མེད་དུ་སྐྱུར་བའི་ས་ཆ་ཐག་གཅོད་ལས་ཀའི་སྐུལ་འདེད་ཚོགས་འདུ་འཚོགས་པ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལིའོ་ཝུན་ཚའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ།

    ཚོགས་འདུའི་ཐོག་རྨོ་ཞིང་སྲུང་སྐྱོང་དང་ས་ཆའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ངང་སྤྱོད་པའི་སྐོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་རྣམ་བཤད་གཏིང་ཟབ་ཏུ་སློབ་སྦྱོང་ལག་བསྟར་བྱེད་པ། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རྨོ་ཞིང་སྲུང་སྐྱོང་ཐད་ལས་ཀའི་བཀོད་སྒྲིག་དང་ཁུལ་ཨུའི་ལས་ཀའི་བླང་བྱ་ནན་ཏན་གྱིས་དོན་འཁྱོལ་ལག་བསྟར་བྱེད་པ། རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇགས་དམ་པོ་དང་ཞིབ་ཕྲར་འཛིན་པ། བརྟན་ཞིང་གོ་རིམ་ལྡན་པའི་ངང་བེད་མེད་དུ་སྐྱུར་བའི་ས་ཆ་ཕན་སྒྱུར་བྱེད་དེ། རྨོ་ཞིང་སྲུང་སྐྱོང་གི་མཐའ་མཚམས་བརྟན་པོ་འཛུགས་པར་ཁག་ཐེག་བྱེད་དགོས་པའི་ནན་བཤད་གནང་།

    ཚོགས་འདུའི་ཐོག་ཆབ་སྲིད་ཚུགས་གནས་མཐོ་ཏུ་གཏོང་བ་དང་སྟོབས་ཤུགས་ཡོད་ཚད་ཀྱིས་ལས་ཀ་ཁག་ནུས་ཆེན་དང་གོ་རིམ་ལྡན་པའི་ངང་སྤེལ་བར་སྐུལ་འདེད་གཏོང་བ་དང་། དེ་བས་དམ་པའི་ལས་ཀའི་སྤྱོད་ཚུལ་དང་ཚད་མཐོའི་འགན་སེམས་འཁུར་ནས་རྨོ་ཞིང་སྲུང་སྐྱོང་ལས་ཀའི་ལས་འགན་ཁག་ལེགས་སྒྲུབ་བྱེད་དགོས་ཞེས་བསྟན།

    ཚོགས་འདུའི་ཐོག་རིམ་ཁག་སྡེ་ཚན་སོ་སོས་རྨོ་ཞིང་སྲུང་སྐྱོང་བེད་མེད་དུ་སྐྱུར་བའི་ས་ཆ་ཐག་གཅོད་ལས་ཀ་དེ་སེམས་ཤུགས་གཅིག་སྒྲིལ་གྱིས་མཉམ་ལས་བྱེད་དགོས།རིམ་ཁག་ཏང་སྲིད་འགོ་གཙོ་དང་པོས་འགན་འཁུར་མི་སྣ་དང་པོའི་འགན་འཁྲི་བརྟན་དུ་འཁུར་དགོས།ལས་རིགས་ཁག་གི་སྡེ་ཚན་སོ་སོས་དག་ཐེར་ལས་ཀ་ཡག་པོ་སྒྲུབ་དགོས། རྫོང་(གྲོང་ཁྱེར་)སོ་སོས་དངོས་གནས་དྲང་གནས་རྒྱུན་འཁྱོངས་དང་འབྲེལ་ཡོད་དག་ཐེར་ལས་ཀ་ནན་ཏན་གྱིས་ཞིབ་འཇུག་བྱེད་དགོས་པའི་ནན་བཤད་གནང་།

    ཚོགས་འདུའི་ཐོག་ཁུལ་རང་བྱུང་ཐོན་ཁུངས་དང་འཆར་བཀོད་ཅུས།རྫོང་(གྲོང་ཁྱེར་)གསུམ་དང་སེམས་ཀྱི་ཉི་ཟླ་ཐོན་ལས་གླིང་ཁུལ་གྱི་འགན་འཁུར་བས་རྨོ་ཞིང་སྲུང་སྐྱོང་དང་འབྲེལ་ཡོད་ལས་ཀ་སྐུལ་འདེད་གཏོང་བའི་གནས་ཚུལ་སྙན་སེང་ཞུས།

    ཁུལ་མི་དམངས་སྲིད་གཞུང་གི་དྲུང་ཆེན་ཀྲའོ་ཞའོ་ཕིང་།ཁུལ་རྫོང་རིམ་གཉིས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས།