རྡོ་མཁར་རྫོང་དུ་སྐོར་བྲོ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་10ཚེས་17ཉིན་བདེ་ཆེན་ཁུལ་གྱི་སྐོར་བྲོ་འཁྲབ་སྟོན་བྱེད་སྒོ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དུ་འགོ་ཚུགས་པ་དང། ཁུལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་གཞི་རིམ་གྱི་སྐོར་བྲོའི་འཐུས་མི་རུ་ཁག་14མཉམ་དུ་འཛོམས་ནས་ས་གནས་ཁག་གི་ཁྱད་ཆོས་ལྡན་པའི་སྐོར་བྲོ་འཁྲབ་སྟོན་བྱས་པ་རེད། སྐོར་བྲོ་ནི་བདེ་ཆེན་གྱི་སྲོལ་རྒྱུན་མི་རིགས་གླུ་གར་གྱི་གྲས་ཤིག་ཡིན།    བདེ་ཆེན་གྱི་སྐོར་བྲོ་ལ་ལོ་རྒྱུས་ཀྱི་རྒྱུན་རིང་བ་མ་ཟད། གླུ་གར་གྱི་རྣམ་པ་སྣ་མང་ལྡན་ལ།    ཞབས་བྲོའི་སྟངས་སྟབས་སྣ་མང་ཕུན་སུམ་ཚོགས།  ཀོང་རྩེད་རའི་སྐོར་བྲོ་དང་སྐད་ཚགས་ཀྱི་སྐོར་བྲོ།གཏེར་མ་རོང་གི་སྐོར་བྲོ།རྒྱལ་ཐང་གི་སྐོར་བྲོ་སོགས་ལ་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན།འཁྲབ་སྟོན་ནང་ཞུགས་མཁན་རུ་མི་ཚོས་ད་རེས་ཀྱི་བྱེད་སྒོ་ལས་བདེ་ཆེན་གྱི་དམངས་ཁྲོད་ཀྱི་སྲོལ་རྒྱུན་སྐོར་བྲོ་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ལས་དོན་ལ་སྐུལ་འདེད་ཐེབས་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།