སྐུ་ཉིད་བདེ་ཆེན་གྱི་རལ་པའི་འཁྲབ་སྟོན་འདི་གཟིགས་དང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ10པའི་ཚེས16ཉིན་གྱི་སྔ་དྲོར།སྤུས་ཚད་མཐོ་བའི་སྒོ་ནས་བདེ་ཆེན་གྱི་མི་རིགས་རིག་གནས་སྣོད་བཅུད་སྲུང་སྐྱོང་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འགྲེམས་སྟོན་སྤེལ་རེས་རབ་དང་རིམ་པའི་བྱེད་སྒོ་ཁྲོད་ཀྱི་རལ་པ་འཁྲབ་སྟོན་བྱེད་སྒོ་དེ་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དུ་འགོ་ཚུགས་ཤིང་།འཇོལ་རྫོང་དང་འབའ་ལུང་རྫོང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བཅས་ནས་ཡོང་བའི་འཐུས་མི་རུ་ཁག་5འཁྲབ་སྟོན་ནང་ཞུགས་ཏེ་ས་ཁུལ་ཁག་གི་རལ་པའི་ཁྱད་ཆོས་མི་འདྲ་བའི་ཐོག་ནས་རལ་པའི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཏེ་ཕན་ཚུན་སྤེལ་རེས་དང་སློབ་སྦྱོང་བྱས་ནས་རལ་པ་ཞབས་བྲོའི་རིག་གནས་རྒྱུན་འཛིན་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་བ་རེད།