ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་གསར་གཏོད་འགྲན་བསྡུར་ཆེན་པོར་ཞུགས་མཁན་སློབ་མའི་འཐུས་མིར་འཕྲིན་ལན་སྤྲིངས་ཏེ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-19   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

ཚན་རིག་གི་སྙིང་སྟོབས་དར་སྤེལ་གྱིས་ཚན་རྩལ་གསར་གཏོད་ནང་ཧུར་ཐག་ཞུགས་ཏེ་ཀྲུང་ཕྱིའི་ཚན་རྩལ་སྤེལ་རེས་དང་ཚན་རྩལ་ཡར་ཐོན་ལ་སྐུལ་འདེད་གཏོང་ཆེད་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་སྐུལ་ལྕག་གནང་བ།

    འཕྲིན་ལན།

    ཀྲུང་གོ་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་གསར་གཏོད་འགྲན་བསྡུར་ཆེན་པོར་ཞུགས་མཁན་སློབ་མའི་འཐུས་མི་ཚོ།

    ཁྱེད་ཚོ་ཁམས་བཟང་། ཁྱེད་ཚོའི་འཕྲིན་ཡིག་འབྱོར་བྱུང་། ཁྱེད་ཚོས་འགྲན་བསྡུར་ཆེན་པོ་ལས་སྟེགས་སུ་བྱས་ཏེ་སློབ་ཁང་དང་ཚོད་ལྟ་ཁང་དུ་སྦྱངས་པའི་ཤེས་བྱར་བརྟེན་ནས་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པ་དང་། གསར་གཏོད་ཀྱི་ལག་ལེན་ཁྲོད་ནུས་རྩལ་དང་འཇོན་ཐང་ཆེ་རུ་གཏོང་བ། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་ཁྲོད་ཀྲུང་གོ་དང་ཕྱི་རྒྱལ་གྱི་ན་གཞོན་དབར་གྱི་མཛའ་གྲོགས་ཟབ་ཏུ་གཏོང་བ་བཅས་བྱེད་པར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད།

གསར་གཏོད་ནི་མིའི་རིགས་ཡར་ཐོན་གྱི་འབྱུང་ཁུངས་ཡིན་པ་དང་། ན་གཞོན་ནི་གསར་གཏོད་ཀྱི་སྟོབས་ཤུགས་གསར་པ་གལ་ཆེན་ཡིན། ཁྱེད་ཚོས་ཚན་རིག་གི་སྙིང་སྟོབས་དར་སྤེལ་བཏང་ནས་ཚན་རྩལ་གསར་གཏོད་ནང་ཧུར་ཐག་ཞུགས་ཏེ་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཚན་རྩལ་སྤེལ་རེས་དང་ཚན་རྩལ་ཡར་ཐོན་ལ་སྐུལ་འདེད་གཏོང་ཆེད་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད། སྤྱི་ཚོགས་ཡོངས་ཀྱིས་ན་གཞོན་གྱི་འཚར་ལོངས་དང་འཕེལ་རྒྱས་ལ་སེམས་ཁུར་བྱེད་པ་དང་། གསར་གཏོད་ལས་གཏོད་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་ནས་རྒྱ་ཆེའི་ན་གཞོན་རྣམས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གནམ་ས་ཡངས་ཤིང་རྒྱ་ཆེ་བའི་ཁྲོད་འཇོན་ཐང་སྔར་ལས་ཡག་པ་འདོན་ཐུབ་པར་བྱེད་དགོས།


ཞི་ཅིན་ཕིང་།

2024ལོའི་ཟླ་10ཚེས་16ཉིན།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་17ཉིན་འབྱོར་བའི་གློག་འཕྲིན)


    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་གསར་གཏོད་འགྲན་བསྡུར་ཆེན་པོར་ཞུགས་མཁན་སློབ་མའི་འཐུས་མིར་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་བྱམས་བརྩེའི་ངང་སྐུལ་ལྕག་གནང་ནས་ཐུགས་རེ་ཟབ་མོ་བཅོལ་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཁྱེད་ཚོས་འགྲན་བསྡུར་ཆེན་པོ་ལས་སྟེགས་སུ་བྱས་ཏེ་སློབ་ཁང་དང་ཚོད་ལྟ་ཁང་དུ་སྦྱངས་པའི་ཤེས་བྱར་བརྟེན་ནས་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པ་དང་། གསར་གཏོད་ཀྱི་ལག་ལེན་ཁྲོད་ནུས་རྩལ་དང་འཇོན་ཐང་ཆེ་རུ་གཏོང་བ། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་ཁྲོད་ཀྲུང་གོ་དང་ཕྱི་རྒྱལ་གྱི་ན་གཞོན་དབར་གྱི་མཛའ་གྲོགས་ཟབ་ཏུ་གཏོང་བ་བཅས་བྱེད་པར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གསར་གཏོད་ནི་མིའི་རིགས་ཡར་ཐོན་གྱི་འབྱུང་ཁུངས་ཡིན་པ་དང་། ན་གཞོན་ནི་གསར་གཏོད་ཀྱི་སྟོབས་ཤུགས་གསར་པ་གལ་ཆེན་ཡིན། ཁྱེད་ཚོས་ཚན་རིག་གི་སྙིང་སྟོབས་དར་སྤེལ་བཏང་ནས་ཚན་རྩལ་གསར་གཏོད་ནང་ཧུར་ཐག་ཞུགས་ཏེ་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཚན་རྩལ་སྤེལ་རེས་དང་ཚན་རྩལ་ཡར་ཐོན་ལ་སྐུལ་འདེད་གཏོང་ཆེད་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད། སྤྱི་ཚོགས་ཡོངས་ཀྱིས་ན་གཞོན་གྱི་འཚར་ལོངས་དང་འཕེལ་རྒྱས་ལ་སེམས་ཁུར་བྱེད་པ་དང་། གསར་གཏོད་ལས་གཏོད་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་ནས་རྒྱ་ཆེའི་ན་གཞོན་རྣམས་ལ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གནམ་ས་ཡངས་ཤིང་རྒྱ་ཆེ་བའི་ཁྲོད་འཇོན་ཐང་སྔར་ལས་ཡག་པ་འདོན་ཐུབ་པར་བྱེད་དགོས། (འཕྲིན་ལན་ཆ་ཚང་ཟུར་དུ་བཀོད་ཡོད)

    ཀྲུང་གོ་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་གསར་གཏོད་འགྲན་བསྡུར་ཆེན་པོ་དེ་སློབ་གསོ་པུས་འབྲེལ་ཡོད་སྡེ་ཚན་དང་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་དང་མཉམ་དུ་གཙོ་གཉེར་བྱས་པ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་ཀྲུང་གོ་དང་ཕྱི་རྒྱལ་གྱི་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་དང་སྤེལ་རེས་མཉམ་ལས་ལ་ལས་སྟེགས་མཁོ་འདོན་བྱ་ཆེད་ཡིན་པ་རེད། ད་ལོའི་འགྲན་བསྡུར་ཆེན་པོའི་ནང་རྒྱལ་ཁབ་དང་ས་ཁུལ་153གྱི་སློབ་ཆེན་སློབ་མ་ཁྲི་2000ལྷག་ཙམ་ཞུགས་ཡོད་པ་དང། དེའི་ནང་རྒྱལ་སྤྱིའི་སློབ་མ་ཁྲི་4ཙམ་ཡོད་པ་དང་མཐའ་བསྡུར་དེ་ཧྲང་ཧའེ་རུ་བྱས་ཡོད། ཉེ་ཆར། འགྲན་ཞུགས་སློབ་མའི་འཐུས་མི་25ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་འགྲན་ཞུགས་ཀྱི་མྱོང་ཚོར་སྙན་སེང་ཞུས་པ་མ་ཟད། གསར་གཏོད་ཀྱི་ལག་ལེན་ནང་ཞུགས་པ་དང་དུས་རབས་ཀྱི་འགན་འཁྲི་འཁུར་ཕོད་པའི་ཆོད་སེམས་ཀྱང་མཚོན་པར་བྱས་པ་རེད།