རྒྱལ་ཡོངས་ཀྱི་སྟོན་འབྲུ་བཅུ་ཆ་དྲུག་ལྷག་ཙམ་བསྡུས་ཟིན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-19   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

    ཞིང་ལས་གྲོང་གསེབ་པུའི་ཞིང་ལས་གནས་ཚུལ་བཀོད་གཏོང་ལ་གཞིགས་ན། ཟླ་10ཚེས་14ཉིན་བར། རྒྱལ་ཡོངས་ཀྱི་སྟོན་འབྲུ་64.3%བསྡུས་ཟིན་པ་དེའི་མྱུར་ཚད་དུས་མཚུངས་ལས་བརྒྱ་ཆའི་གྲངས་1.1གིས་མགྱོགས་པ་ཡོད་པ་དང་། ལོ་ཏོག་དབྱེ་ནས་བལྟས་ན། མ་རྨོས་ལོ་ཏོག་67.5%བསྡུས་ཟིན་པ་དང་། དུས་ཚིགས་དང་པོའི་འབྲས་64.5%དང་སྲན་ཆེན་80.8%བསྡུས་ཟིན་ཡོད། ས་ཁུལ་ཕྱེ་ནས་བལྟས་ན། ནུབ་བྱང་ས་ཁུལ་གྱི་ཐོན་འབབ་བཅུ་ཆ་བརྒྱད་ཟིན་པ་དང་། ཧོང་ཧོའེ་ཧའེ་དང་ལྷོ་ནུབ་ས་ཁུལ་གྱི་ཐོན་འབབ་བཅུ་ཆ་བདུན་དང་ཕྱེད་ཀ་ཟིན་པ། བྱང་ཤར་དང་། འབྲི་ཆུའི་དབུས་སྨད་རྒྱུད། ཧྭ་ནན་ས་ཁུལ་བཅས་ཀྱི་ཐོན་འབབ་ཕྱེད་ཀ་ཟིན་པ་བཅས་རེད། རྒྱལ་ཡོངས་ཀྱི་དགུན་གྲོ་འདེབས་ཚད་བཅུ་ཆ་གཉིས་ཟིན་ཞིང་། ཧོང་ཧོའེ་ཧའེ་ས་ཁུལ་དུ་15.8%དང་ནུབ་བྱང་ས་ཁུལ་དུ་69.3%བཏབ་ཟིན་ཡོད་པ་རེད།