ཞི་ཅིན་ཕིང་གིས་2024ལོའི་རྒྱལ་སྤྱིའི་ཤེས་བྱའི་བདག་དབང་སྲུང་སྐྱོང་མཐུན་ཚོཌ་ཀྱི་འཛམ་གླིང་ཤེས་བྱའི་བདག་དབང་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-21   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2024ལོའི་རྒྱལ་སྤྱིའི་ཤེས་བྱའི་བདག་དབང་སྲུང་སྐྱོང་མཐུན་ཚོགས་ཀྱི་འཛམ་གླིང་ཤེས་བྱའི་བདག་དབང་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།

    ཞི་ཅིན་ཕིང་གིས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཤེས་བྱའི་བདག་དབང་གིས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཤེས་བྱའི་བདག་དབང་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་འཐོབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་ཤེས་བྱའི་བདག་དབང་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་མུ་མཐུད་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་རྒྱལ་སྤྱིའི་ཤེས་བྱའི་བདག་དབང་གི་ཕྱོགས་མང་མ་ལག་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱས་ཏེ། གསར་གཏོད་འཕེལ་རྒྱས་ལ་ཕན་པའི་རྒྱལ་སྤྱིའི་ཁོར་ཡུག་ཅིག་གཏོད་ཆེད་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་སུ་འབུལ་བ་དང་། གོ་ལ་ཧྲིལ་པོའི་ཤེས་བྱའི་བདག་དབང་གི་བཅོས་སྐྱོང་མ་ལག་དེ་བས་གཞུང་དྲང་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་བདེ་རྩ་ཆེ་རུ་གཏོང་བར་ཀྲུང་གོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ་བཅས་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

    2024ལོའི་རྒྱལ་སྤྱིའི་ཤེས་བྱའི་བདག་དབང་སྲུང་སྐྱོང་མཐུན་ཚོགས་ཀྱི་འཛམ་གླིང་ཤེས་བྱའི་བདག་དབང་ཚོགས་ཆེན་དེ་ཉིན་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། དེའི་བརྗོད་དོན་གཙོ་བོ་ནི“ཤེས་བྱའི་བདག་དབང་དོ་སྙོམས་སྲུང་སྐྱོང་དང་གསར་གཏོད་འཕེལ་རྒྱས”ཞེས་པ་ཡིན་པ་དང་། ཀྲུང་གོ་ཉོ་ཚོང་སྐུལ་སྤེལ་ཨུ་ལྷན་དང་རྒྱལ་སྤྱིའི་ཤེས་བྱའི་བདག་དབང་སྲུང་སྐྱོང་མཐུན་ཚོགས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་རེད།