བདེ་ཆེན་གྱིས་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཉེ་བའི་ལོ་ཤས་རིང་། བདེ་ཆེན་ཁུལ་གྱིས་“ཡུལ་ཐོན་ཁྱད་ཐོན”གྱི་རྩོམ་ཡིག་ཡག་པོ་འབྲི་རྒྱུ་མཐའ་འཁྱོངས་བྱས་ཏེ་ས་མཐོའི་ཁྱད་ལྡན་དེང་རབས་ཞིང་ལས་ཐོན་ལས་ཀྱི་སྟོབས་ཆེའི་སྦྲེལ་ཐག་གསབ་སྣོན་དང་སྣུར་སྲིང་རིམ་སྤོར་བྱ་སྤྱོད། ཞིང་ལས་གཉེར་སྐྱོང་གི་གཙོ་གཟུགས་རིམ་སྤོར་བྱ་སྤྱོད་དམ་འཛིན་བྱ་གཞིར་བྱས་ནས་སྤུས་ལེགས་ཀྱི་མ་བཅོས་རྒྱུ་ཆའི་རྟེན་གཞི་འཛུགས་སྐྲུན་དང་ཞིང་ལས་ཀྱི་སྤུས་རྟགས་བཏོད་དེ་ས་མཐོའི་ཁྱད་ལྡན་དེང་རབས་ཞིང་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད།

    “ཅན་ལྔའི”་ཚད་གཞི་མཐའ་འཁྱོངས་བྱས་ནས་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ།རྩ་འཛུགས་ཅན་དང་།གཞི་ཁྱོན་འོས་འཚམ།ཐོན་ལས་ཅན།ཚད་ལྡན་ཅན།སྤུས་རྟགས་ཅན་བཅས་ཀྱི་བླང་བྱ་ལྟར།ལྗང་མདོག་ཚད་ལྡན་ཅན་གྱི་ཐོན་སྐྱེད་སྣེ་འདྲེན་རྟེན་གཞི་ཁག་ཅིག་འཛུགས་སྐྲུན་བྱས་པ་དང་།རྒུན་འབྲུམ་དང་།ཀྲུང་ལུགས་སྨན་རྫས། ཁྱད་ཆོས་ལྡན་པའི་སྒོ་ཕྱུགས་དང་ཁྱིམ་བྱ། བཟའ་བྱའི་ཤ་མོ་སོགས་དགེ་མཚན་ལྡན་པའི་གཙོ་ཁྲིད་ཐོན་ལས་ཚུལ་སྒྱུར་རིམ་སྤར་ལ་སྐུལ་འདེད་ཇེ་མགྱོགས་སུ་བཏང་ཡོད།འབའ་ལུང་ཀྲུང་ལུགས་སྨན་རྒྱུ་ཐོན་ལས་དང་འཇོལ་རྫོང་རྒུན་འབྲུམ་ཐོན་ལས་སྔ་རྗེས་སུ་ཞིང་ཆེན་དེ་ཡོངས་ཀྱི་“རྫོང་གཅིག་ལ་ལས་རིགས་གཅིག”གི་དཔེ་སྟོན་རྫོང་དང་ཁྱད་ལྡན་རྫོང་གི་ཁོངས་སུ་བཅུག་པ་དང་།རིམ་རྩིས་བྱས་ན་ཁུལ་རིམ་པའི་ལྗང་མདོག་བཟའ་བཅའི་སྤུས་རྟགས་ཐོན་ལས་རྟེན་གཞི་72གཏན་འཁེལ་བྱས་པ་དང་ད་ལྟ་གསོ་ཚགས་ར་བ་171ཐོ་འགོད་སྙན་སེང་ཞུས་པ།

    ཐོན་ལས་ཀྱི་གྲུབ་ཆ་གཙོ་བོ་སྐྱེད་སྲིང་བྱས་ནས་འཕེལ་རྒྱས་ཀྱི་སྒུལ་བྱེད་འཕྲུལ་འཁོར་ལ་སྐུལ་སློང་བྱེད། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་“གཅིག་དྲུག”་གི་ལས་ཀའི་ལམ་སྲོལ་དམ་འཛིན་བྱ་གཞིར་བྱས་ཏེ་ཞིང་ལས་གཉེར་སྐྱོང་གི་གཙོ་གཟུགས་རིམ་སྤོར་བྱ་སྤྱོད་ལག་བསྟར་བྱེད་པ་དང་འཕར་སྣོན་བརྟན་པོ་ཡོང་བའི་བྱེད་ཐབས་ཁག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། “ཕྱི་འདྲེན”དང་“ནང་འཕེལ”་ལ་བརྟེན་ནས་ཞིང་ལས་གཉེར་སྐྱོང་གི་གཙོ་གཟུགས་རྒྱུན་ཆད་མེད་པར་སྐྱེད་སྲིང་དང་སྟོབས་ཆེར་བཏང་སྟེ་ཞིང་ལས་སྣེ་འདྲེན་ཁེ་ལས་15གསར་དུ་འཕར་བ་དང་། རིམ་རྩིས་བྱས་ན་རྫོང་རིམ་པ་ཡན་གྱི་ཞིང་ལས་སྣེ་འདྲེན་ཁེ་ལས་102ཡོད་པ་དང་ཞིང་པའི་མཉམ་ལས་ཁང་2234ཚད་ལྡན་དང་རིམ་སྤོར་བྱས་ནས་ཁྱིམ་ཚང་ཞིང་རའི་མིང་ཐོའི་ནང་བཅུག་སྟེ་དོ་དམ་བྱེད་མཁན་1151ཡོད་པ་རེད།

    སྤུས་རྟགས་གཏོད་ཤུགས་ཆེ་རུ་བཏང་ནས་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་བཏང་བ། ཁུལ་ཡོངས་ཀྱི་སྤུས་རྟགས་26དེ་2022ལོ་དང་2023ལོར་ཡུན་ནན་ཞིང་ཆེན་གྱི“ལྗང་མདོག་ཡུན་རྫས”་སྤུས་རྟགས་ཀྱི་དཀར་ཆག་མིང་ཐོའི་ནང་བདམས་པ་རེད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་དང་། ཧྲང་ཅང་ཤང་སྔ་རྗེས་སུ་ཞིང་ལས་དང་གྲོང་གསེབ་པུའི་2023་ལོ་དང་2024་ལོའི་ཞིང་ལས་ཐོན་ལས་སྟོབས་ཆེའི་གྲོང་རྡལ་གྱི་མིང་ཐོའི་ནང་བདམས་ལ། འབའ་ལུང་གི་ཞོག་རྒོད་དང་ཕན་ཐེན་ཀོ་ཡི་འབྲས་ནག་སྔ་རྗེས་སུ་རྒྱལ་ཁབ་ཀྱི་སྤུས་ལེགས་ཐོན་ཁུངས་སྲུང་སྐྱོང་གི་སྣ་ཁའི་ནང་བཅུག་པ་དང་།འབའ་ལུང་ལི་སུའུ་ཡི་ཁྱིམ་བྱ་དེ་རྒྱལ་ཁབ་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཀྱི་དཀར་ཆག་ཏུ་བཀོད་ཡོད། རིམ་རྩིས་བྱས་ན་“ཐོན་རྫས་གསུམ་དང་དམིགས་ཚད་གཅིག”་གི་ཐོན་རྫས་210་བདེན་དཔང་ར་སྤྲོད་བྱས་པ་དང་རྒྱལ་ཡོངས་ཀྱི་གྲགས་ཅན་ཁྱད་ལྡན་ཐོན་རྫས་གསར་པ་10བདེན་དཔང་ར་སྤྲོད་བྱས་ཡོད།