བདེ་ཆེན་ཁུལ་གྱིས་ཀྲུང་གོའི་ཡུལ་སྐོར་ཚོགས་པ་ཚད་ཡོད་ཀུང་སི་དང་བཞུགས་མོལ་ཚོགས་འདུ་འཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-28   རྩོམ་ཁུངས།   

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ་10པའི་ཚེས་27ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཀྲུང་གོའི་ཡུལ་སྐོར་ཚོགས་པ་ཚད་ཡོད་ཀུང་སིའི་ཚོགས་པའི་ཐུན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཏུང་ཧྲི། སྤྱི་ཁྱབ་ཅི་ལིན་ཧྥན་ཡུན་ཅུན་དང་བཅས་པར་བཞུགས་མོལ་ཚོགས་འདུ་འཚོགས་པ།

    ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་གྱི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པ་དང་ཧྥན་ཡུན་ཅུན་དང་བཅས་པ་ཕེབས་པར་དགའ་བསུ་ཞུས། ཁོང་གིས་ཉེ་བའི་ལོ་འགའི་རིང་། ཀྲུང་གོའི་ཡུལ་སྐོར་ཚོགས་པས་ཁེ་ལས་རང་ཉིད་ཀྱི་ལེགས་ཆ་གང་ལེགས་བཏོན་པ་དང་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་འབུལ་བ་དང་ཀྲུང་དབྱངས་ཁེ་ལས་ཀྱི་སྤྱི་ཚོགས་འགན་ལེན་གང་ལེགས་མངོན་པར་བརྟེན་བཀའ་དྲིན་ཆེ་ཞུས། བདེ་ཆེན་ལ་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་གཏིང་ཟབ་པའི་མི་ཆོས་ནང་དོན་ལྡན་པ། ཐོག་མཐའ་བར་གསུམ་དུ་རྒྱ་ཆེའི་ཡུལ་སྐོར་བ་དེར་ལྟ་སྐོར་དང་ཉམས་མྱོང་དུ་ཡོང་བར་ཡིད་དབང་འཕྲོག་པ། མ་འོངས་པའི་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་ཞིང་ནུས་པ་འདོན་ས་མང་པོ་ཡོད་པ་རེད།   ཀྲུང་གོའི་ཡུལ་སྐོར་ཚོགས་པས་ཁེ་ལས་ཀྱི་ལེགས་ཆ་གང་ལེགས་བཏོན་པ་དང་བདེ་ཆེན་གྱིས་ཡུལ་སྐོར་ཐོན་རྫས་གསར་སྤེལ་ལ་རོགས་རམ་བྱས་ནས།བདེ་ཆེན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བར་སྐུལ་འདེད་གཏོང་བའི་རེ་བ་བཏོན།

    

     ཧྥན་ཡུན་ཅུན་གྱིས་བདེ་ཆེན་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་ཤུགས་ཆེ་བ། འཕེལ་རྒྱས་ཀྱི་མདུན་ལམ་རྒྱ་ཆེན་པོ་ཡོད། ཀྲུང་གོའི་ཚོགས་པས་བདེ་ཆེན་ཁུལ་དང་དེ་བས་གཏིང་ཟབ་པའི་མཉམ་ལས་བྱེད་རྒྱུའི་རེ་སྒུག་ཡོད་པ། ཀུང་སིས་བདེ་ཆེན་གྱི་ཡུལ་དངོས་ལ་བརྟེན་པ་རང་ངོས་ལེགས་ཆ་གང་ལེགས་བཏོན་པ།ཇུས་འགོད་བྱེད་ཤུགས་ཆེ་རུ་བཏང་ནས་བདེ་ཆེན་གྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ལ་དེ་བས་མང་བའི་གསོན་ཤུགས་སྣོན་རྒྱུ་ཡིན་ཞེས་བསྟན།

    བདེ་ཆེན་དུ་ཡོད་པའི་དུས། ཧྥན་ཡུན་ཅུན་དང་བཅས་པ་ད་དུང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་འཇོལ་རྫོང་དུ་ཕེབས་ནས་འབྲེལ་ཡོད་རོགས་སྐྱོར་རྣམ་གྲངས་དང་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ཞིབ་འཇུག་གནང་བ།

    ཀྲུང་གོའི་ཡུལ་སྐོར་ཚོགས་པའི་ཁྲིན་རོང་། ཧོང་ཝེ་ཝེ།  ལི་ཕུང་ཡུས།  ཁྲིན་ཀྲི་སོགས་འགོ་ཁྲིད་དང་རང་ཁུལ་གྱི་འགོ་ཁྲིད་ཁྲིན་ཆོན། ལི་ཐའོ། འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་འབྲེལ་ཡོད་བྱེད་སྒོར་ཞུགས།