འདབ་པ་རྫོང་དུ་རྩོམ་རིག་གསར་རྩོམ་གྱི་བགྲོ་གླེང་ཚོགས་འདུ་འཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-28   རྩོམ་ཁུངས།    ཁམས་པའི་དྲ་བ།

    སྤྱི་ཟླ10པའི་ཚེས22ནས་ཚེས25ཉིན་བར། ཨ་ལའེ་དང་མཱ་ལི་ཧྭ། ཧྥན་ཝིང་། མེ་སྒྲོན། དར་རྩེ། ཝང་ཧོའེ་ལིན། ལིང་ཧྲི་ཅང་སོགས་རྒྱལ་ནང་གི་རྩོམ་པ་པོ་གྲགས་ཅན་སྐོར་ཞིག་འདབ་པ་རྫོང་དུ2024ལོའི་རྩོམ་པ་པོ་གྲགས་ཅན་མཚོ་བོད་མཐོ་སྒང་སྐྱེ་ཁམས་རྩོམ་རིག་གསར་རྩོམ་བགྲོ་གླེང་ཚོགས་འདུར་ཞུགས་པ་རེད། 

    བྱེད་སྒོ་དེ་སི་ཁྲོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་དང་ཀྲུང་གུང་དཀར་མཛེས་ཁུལ་ཨུ། དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱི་མཛུབ་ཁྲིད་འོག་སི་ཁྲོན་ཞིང་ཆེན་སྐར་དམར་རྩོམ་པ་པོའི་མཐུན་ཚོགས(ཞིང་ཆེན་ཐད་གཏོགས་རྩོམ་པ་པོའི་མཐུན་ཚོགས)དང་། ཀྲུང་གུང་འདབ་པ་རྫོང་ཨུ། འདབ་པ་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པ་རེད།

རྩོམ་པ་པོ་ཨ་ལའེ་ཡིས་གཏམ་བཤད་བྱེད་བཞིན་པ།

     ཚོགས་འདུ་མ་འཚོག་གོང་རྩོམ་པ་པོ་ཚོས་སྟོན་དུས་ཀྱི་སྤྲོ་སྣང་ཁྲོད་ཡུལ་དེ་གའི་མཐོ་སྒང་འཇིག་རྟེན་འཕྲོ་ཐིག་ལྟ་ཞིབ་ཚད་ལེན་ས་ཚིགས་དང་ཕན་རོགས་གནའ་ཤུལ། ཉི་སྟེན་གྲོང་སྡེ་སོགས་ལ་བརྟག་དཔྱད་ཞིབ་འཇུག་བྱས་ནས་གནམ་དཔྱད་ཀྱི་གསང་བ་དང་། སྟོན་ཁའི་མཛེས་སྡུག་དང་རིག་གནས་ཀྱི་ཉམས་འགྱུར་བཅས་ལ་མྱོང་རོལ་བྱས་པ་རེད།

རྩོམ་པ་པོ་མཱ་ལི་ཧྭ་ཡིས་གཏམ་བཤད་བྱེད་བཞིན་པ།

     རྩོམ་པ་པོ་ཚོས་མཚོ་བོད་མཐོ་སྒང་སྐྱེ་ཁམས་རྩོམ་རིག་གི་འབྱུང་ཁུངས་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དང་རྩོམ་རིག་གསར་རྩོམ། དུས་རབས་གསར་པའི་མཚོ་བོད་མཐོ་སྒང་སྐྱེ་ཁམས་རྩོམ་རིག་གི་འབྱུང་འགྱུར། འདབ་པ་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཅས་ལ་དམིགས་ནས་གྲོས་བསྡུར་བྱས་པ་རེད།

རྩོམ་པ་པོ་ཧྥན་ཝིང་གིས་གཏམ་བཤད་བྱེད་བཞིན་པ། 

རྩོམ་པ་པོ་མེ་སྒྲོན་གྱིས་གཏམ་བཤད་བྱེད་བཞིན་པ། 

རྩོམ་པ་པོ་དར་རྩེ་ཡིས་གཏམ་བཤད་བྱེད་བཞིན་པ།


    བགྲོ་གླེང་ཚོགས་འདུར་རྩོམ་པ་པོ་ཚོས་འདབ་པ་རྫོང་ལ་མི་སྒེར་གྱི་མིང་བཀོད་པའི་ཚབ་མཚོན་བརྩམས་ཆོས་ཞལ་འདེབས་བརྒྱབ་པ་དང་དེབ་དེ་དག་འདབ་པ་རྫོང་གི་ཨ་ལེའི་དཔེ་ཁང་དུ་ཉར་ཚགས་བྱས་ནས་ཀློག་པ་པོར་ལྟ་ཀློག་བྱེད་དུ་འཇུག་རྒྱུ་རེད། མཇུག་ཏུ་སི་ཁྲོན་ཙའོ་མོང་དུས་བར་གློག་བརྙན་བརྙན་འཕྲིན་ཚད་ཡོད་སྤྱི་གཉེར་ཁང་གིས་འགུལ་རིས་གློག་བརྙན“ཧི་མ་ལ་ཡའི་རོལ་དབྱངས་ཁག་གསུམ་པའི”ལེའུ་གཉིས་པར་དམིགས་ནས་རྩོམ་པ་པོ་ལིང་ཧྲི་ཅང་དང་སི་ཁྲོན་ཞིང་ཆེན་སྐར་དམར་རྩོམ་པ་པོའི་མཐུན་ཚོགས(ཞིང་ཆེན་ཐད་གཏོགས་རྩོམ་པ་པོའི་མཐུན་ཚོགས)དང《མཁའ་དབྱིངས་གྲོང་ཁྱེར》གྱི་གསར་རྩོམ་བརྩམས་སྒྲུང་གི་ཕྱོགས་གསུམ་གྱི་འདོད་མཐུན་མཉམ་ལས་ཡི་གེར་མིང་རྟགས་བཀོད་པ་རེད།

    ད་ཐེངས་ཀྱི་བྱེད་སྒོ་གྲ་བསྒྲིགས་པ་ནས་སྤེལ་བའི་བར་འདབ་པ་རྫོང་གིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་ལྷག་པར་རྫོང་ཨུའི་ཧྲུའུ་ཅི་སྐལ་བཟང་འགྱུར་མེད་ནི་རྩོམ་རིག་གསར་རྩོམ་གྱི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་བའི་རྩོམ་པ་པོ་ཞིག་ཡིན་ལ། ཁོས་ཚོགས་ཞུགས་མི་སྣ་ཕེབས་པར་དགའ་བསུ་ཞུས་པ་དང་འབྲེལ་རྩོམ་རིག་གསར་རྩོམ་སྐོར་གྱི་བགྲོ་གླེང་དང་ཉམས་མྱོང་སྤེལ་རེས་ཀྱང་བྱས་པ་རེད། རྩོམ་པ་པོ་ཚོས་ཕན་ཚུན་འགྲོ་འོང་དེ་འདྲ་བྱས་པ་དེས་རྩོམ་རིག་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་དང་ས་གནས་ཀྱི་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་སྐུལ་འདེད་གཏང་བར་ཕན་ཐོགས་ཡོད་པས་རྒྱུན་མཐུད་ངང་སྐུལ་འདེད་གཏང་དགོས་ཞེས་བརྗོད་པ་རེད།