རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ10ཚེས་28ཉིན། 2024ལོའི་ཀྲུང་གོའི་ཕྱི་རོལ་ལུས་རྩལ་ཐོན་ལས་ཚོགས་ཆེན་བདེ་ཆེན་ཚོགས་རའི་རང་བྱུང་ཐོན་ཁུངས་ཕྱི་རོལ་ལུས་རྩལ་ལ་སྒོ་མོ་འབྱེད་པའི་ཆེད་དོན་ཞིབ་བསྡུར་བྱེད་སྒོ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ལུང་བཟང་གྲོང་ཚོར་སྤེལ་བ་རེད།
རྒྱལ་ཁབ་ནགས་ཚལ་ཅུས་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་སིའི་སི་ཀྲང་ཡོན་ཅི་མིང་དང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཡུས་ཀུའེ་ཧྥུན་གྱིས་ཤིས་ཚིག་གསུངས་པ་རེད།
ཡོན་ཅི་མིང་གིས་ཤིས་ཚིག་ནང་ནགས་རྩྭ་ཐོན་ཁུངས་ནི་ཕྱི་རོལ་གྱི་ལུས་རྩལ་འཕེལ་རྒྱས་ཀྱི་རྟེན་གཞི་གལ་ཆེན་ཞིག་དང་ལྷག་པར་དུ་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་བྱ་ཡུལ་སྣ་ཚོགས་ནི་ཕྱི་རོལ་གྱི་ལུས་རྩལ་ཐོན་ལས་ལྗང་མདོག་འཕེལ་རྒྱས་ཀྱི་གཞི་རྟེན་སྤུས་ལེགས་ཤོས་ཤིག་རེད།2019ལོར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་ས་ཆའི་མ་ལག་འཛུགས་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》པར་འགྲེམས་བྱས་པ་ནས་ད་བར་འབྲེལ་ཡོད་སྡེ་ཚན་ཁག་གིས་ཐུན་མོང་ཐོག་འབད་བརྩོན་དང་སྤྱི་ཚོགས་ཡོངས་ཐུན་མོང་ཐོག་ཞུགས་པའི་རྒྱབ་སྐྱོར་འོག རིགས་དབྱེ་ཚན་རིག་དང་མཐུན་པ་དང་། བཀོད་པ་ལུགས་མཐུན། སྲུང་སྐྱོང་ནུས་ལྡན། དོ་དམ་ནུས་ལྡན་བཅས་ཀྱི་སྒོ་ནས་རྒྱལ་ཁབ་ཀྱི་སྤྱི་གླིང་གཙོ་བོར་འཛིན་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་རྨང་གཞིར་འཛིན་པ། རང་བྱུང་སྤྱི་གླིང་སྣ་ཚོགས་ཁ་གསབ་ཏུ་འཛིན་པ་བཅས་ཀྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རང་བྱུང་སྲུང་སྐྱོང་ས་ཆའི་མ་ལག་རགས་ཙམ་བཙུགས་དགོས་ཞེས་བསྟན་པ་རེད།
ཡོན་ཅི་མིང་གིས་མིག་སྔར་རང་རྒྱལ་གྱི་རང་བྱུང་སྲུང་སྐྱོང་ས་ཆའི་མ་ལག་ལམ་ལུགས་འཛུགས་སྐྱོང་གི་འགག་རྩའི་དུས་སྐབས་ཤིག་ཡིན་པས་ནགས་ཚལ་དང་རྩྭ་ཐང་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་གཞན་དག་དང་མཉམ་དུ་ཀྲུང་དབྱང་གི་ཡིག་ཆའི་བླང་བྱ་མུ་མཐུད་གཞིར་བཟུང་དམངས་ཡོངས་ཀྱི་ལུས་སྦྱོང་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱ་རྒྱུར་རྒྱབ་སྐྱོར་དང་ཕྱི་རོལ་གྱི་ལུས་རྩལ་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་རང་བྱུང་སྲུང་སྐྱོང་ས་ཆའི་དོ་དམ་ལམ་ལུགས་མ་ལག་ནང་མཉམ་འདྲེས་ཐུབ་པ་བྱས་ནས་ཆ་རྐྱེན་འཛོམས་པའི་རང་བྱུང་སྲུང་སྐྱོབ་ས་ཆར་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱ་རྒྱུ་དང་། སྐྱེ་ཁམས་མ་ལག་གལ་ཆེན་དང་། རང་བྱུང་རྗེས་ཤུལ་གལ་ཆེན། རང་བྱུང་མཛེས་ལྗོངས་གལ་ཆེན་བཅས་སྲུང་སྐྱོང་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཡུལ་བབ་དང་བསྟུན་ནས་ཕྱི་རོལ་གྱི་ལུས་རྩལ་རྣམ་གྲངས་སྤེལ་བ་དང་། སྤྱི་པའི་སྔོ་ལྗང་གི་བར་སྟོང་གི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པར་བྱས་ཏེ་མི་སྔར་ལས་མང་བར་རང་བྱུང་ཁམས་ཀྱི་ལེགས་སྐྱེས་དང་། ནམ་མཁའ་སྔོ་ཞིང་ས་གཙང་ལ་ཆུ་བོ་དྭངས་བ་དང་། བྱིའུ་སྙན་སྐད་དང་མེ་ཏོག་གི་དྲི་ཞིམ་ལྡན་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ལོངས་སུ་སྤྱོད་དུ་འཇུག་དགོས་ཞེས་གསུངས་པ་རེད།
ཡུས་ཀུའེ་ཧྥུན་གྱིས་བདེ་ཆེན་ཁུལ་གྱིས་འགྲན་ཟླ་བྲལ་བའི་ཕྱི་རོལ་གྱི་ལུས་རྩལ་ཐོན་ཁུངས་ལ་བརྟེན་ནས་ཕྱི་རོལ་གྱི་ལུས་རྩལ་ལ་དགའ་པོ་བྱེད་མཁན་གྲངས་ལས་འདས་པའི་མིག་དབང་འཕྲོག་གི་ཡོད། ཕྱི་རོལ་གྱི་ལུས་རྩལ་ཐོན་ལས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་ལུས་རྩལ་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་མགྱོགས་སུ་གཏོང་བའི་རྒྱབ་ལྗོངས་འོག་“འཛམ་གླིང་གི་རྐང་བགྲོད་གནས་མཆོག”གཏོད་རྒྱུ་དེ་བདེ་ཆེན་གྱི་མིང་བྱང་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད་པ་དང་བདེ་ཆེན་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་བྱེད་འཕྲུལ་འཁོར་གསར་པ་ཞིག་ཏུ་འགྱུར་རྒྱུ་ཡིན་ལ་བདེ་ཆེན་དང་འཛམ་གླིང་དབར་སྤེལ་རེས་བྱེད་པའི་སྒོ་མོ་གསར་པ་ཞིག་ཏུའང་འགྱུར་རྒྱུ་རེད། ཐེངས་འདིའི་རང་བྱུང་ཐོན་ཁུངས་ཕྱི་རོལ་གྱི་ལས་འགུལ་ལ་སྒོ་འབྱེད་པའི་ཆེད་དོན་ཞིབ་འཇུག་དང་གྲོས་བསྡུར་བྱེད་སྒོའི་དམིགས་ཡུལ་ནི་ཇི་ལྟར་བྱས་ནས་ལུས་རྩལ་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་དང་། རྒྱལ་ཁབ་སྤྱི་གླིང་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་པ་དང་ཐབས་ལམ་གསར་པར་སྐུལ་འདེད་གཏོང་བ་དང་། ཇི་ལྟར་བྱས་ནས་ཕྱི་རོལ་གྱི་ལས་འགུལ་འཕེལ་རྒྱས་ཚད་ལྡན་དུ་གཏོང་བ། རང་བྱུང་ཐོན་ཁུངས་སྔར་ལས་ལེགས་པའི་སྒོ་ནས་ཕྱི་རོལ་ལས་འགུལ་ལ་སྒོ་འབྱེད་པར་སྐུལ་འདེད་གཏོང་བ་སོགས་ཀྱི་གནད་དོན་ལ་བློ་གྲོས་གཅིག་སྒྲིལ་དང་འཕེལ་རྒྱས་ཀྱི་ཇུས་གཞི་མཉམ་འགོད་བྱ་རྒྱུ་དེ་ཡིན་ཞེས་གསུངས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་སྐུ་བླ་རི་བོ་མཛེས་ལྗོངས་་ཁུལ་དོ་དམ་ཅུས་ཀྱི་ཀྲུའུ་རེན་ཙེང་ཧྥན་རུང་དང་དབྱིན་ཇིའི་མཚེའུ་ཁུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་དབུ་བཞུགས་གཉེར་སྐྱོང་དཔོན་པོ་Richard Leafeཡིས་འབྲེལ་ཡོད་གྱོད་དཔེ་མཉམ་སྤྱོད་བྱས་པ་དང་ཚོགས་ཞུགས་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་དང་གྲགས་ཅན་མཁས་དབང་གིས་“རང་བྱུང་ཐོན་ཁུངས་ཇི་ལྟར་བྱས་ཏེ་ཕྱི་རོལ་གྱི་ལུས་རྩལ་ལ་སྒོ་མོ་དེ་བས་ལེགས་པ་འབྱེད་རྒྱུ་”བརྗོད་དོན་གཙོ་བོར་བྱས་ནས་ལྟ་བ་དང་ཉམས་མྱོང་མཉམ་སྤྱོད་བྱས་པ་རེད།
པེ་ཅིང་གྲོང་ཁྱེར་སྐྱེད་ཚལ་སྔོ་འགྱུར་ཅུས་ཀྱི་རིམ་པ་དང་པོའི་སྐོར་གཟིགས་པ་པའུ་ཆོན་མིན་དང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་སུང་ཡུང་ལི་བྱེད་སྒོར་ཕེབས་ཡོད་པ་རེད།