སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་110འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-11-08   རྩོམ་ཁུངས།   

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་11པའི་ཚེས་7ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་110གཙོ་སྐྱོང་བྱས་ནས་འཚོགས་ནས། ཉེ་དུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་མཆན་བཀོད་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་རང་ཁུལ་གྱིས་ལག་བསྟར་བསམ་འཆར་ཞིབ་འཇུག་བྱས།

    ལི་ཡན་ལན། ཕེང་ཧྲན། མིའོ་ཡིའུ་ཧྥ་གྲོས་ཚོགས་སུ་ཞུགས།

    གྲོས་ཚོགས་ཐོག་ཞི་ཅིན་ཕིང་གིས་ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུས་ཀྱི“རྒན་གྲས་སྒྲོག་འགྲེལ་ཚོགས་པའི”བློ་མཐུན་ཡོངས་ལ་སྤྲིངས་བའི་འཕྲིན་ལན་དགོངས་དོན་སློབ་སྦྱོང་ལག་བསྟར་ནནཏན་བྱས་ནས། “བློ་སྦྱོང་”ལས་གྲྭ་ལ་སྐུལ་འདེད་ནན་པོ་གཏོང་བ།མི་རིགས་ཁག་གི་ལས་བྱེད་པ་མང་ཚོགས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་དྲིན་ཚོར་བ། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་དང་ སྲོག་ཤིང་ལ་བརྩི་བཀུར། བློ་ཁ་པེ་ཅིན་ལ་གཏོད་ཞེས་པའི་སློབ་གསོ་སྣེ་ཁྲིད་བྱེད་དགོས།  “བརྒྱད་ལྟ་ལྔ་བསྡུར”བྱེད་སྒོ་ནན་ཏན་ངང་སྤེལ་ནས་བདེ་ཆེན་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཏམ་རྒྱུད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གཏམ་རྒྱུད། མི་རིགས་སོ་སོའི་བར་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཀྱི་གཏམ་རྒྱུད། ཆོས་ལུགས་ལས་རིགས་མི་སྣའི་རྒྱལ་གཅེས་ཆོས་གཅེས་ཀྱི་གཏམ་རྒྱུད་བཅས་ཡག་པོ་བཤད་དགོས། “དབུ་དཀར་གྱིས་མཛེས་སྡུག་ལྡན་པའི་བདེ་ཆེན་ལ་སེམས་ཤུགས་གཅིག་འགྲིལ”སྤུས་རྟགས་འཛུགས་སྐྲུན་བྱེད་པ། “དབུ་དཀར་རོགས་སྐྱོར+”མུ་འབྲེལ་བྱེད་སྒོ་གཏིང་ཟབ་ཏུ་རྒྱ་སྐྱེད།  “རྒན་གྲས་ལྔ”སློབ་གྲྭར་སྤྱོད་པའི་བྱེད་སྒོ་མུ་མཐུད་སྤེལ་ནས་ལས་བྱེད་པ་རྒན་པ། དགེ་རྒན་རྒན་གྲས། མཁས་པ་རྒན་གྲས། དཔེ་བཟང་རྒན་གྲས་བཅས་ཀྱི་ཉམས་མྱོང་ལེགས་ཆ་དང་རིག་ནུས་ལེགས་ཆ། སྙན་གྲགས་ལེགས་ཆ་བཅས་འདོན་སྤེལ་བྱེད་དགོས་པའི་ནན་བཤད་གནང་།

    གྲོས་ཚོགས་ཐོག་སྤྱི་ཚོགས་ལས་དོན་སྐོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ནས་གསར་དར་མངའ་ཁོངས་ཏང་གི་འཛུགས་སྐྲུན་དེ་གལ་ཆེན་ནང་གི་འགངས་ཆེན་དུ་རྩིས་ནས་ཏང་རྩ་འཛུགས་ཀྱི་རྩ་འཛུགས་ནུས་ཤུགས་དང་སྣེ་ཁྲིད་ནུས་ཤུགས། ཤུགས་རྐྱེན་ནུས་ཤུགས་བཅས་མུ་མཐུད་མཐོ་རུ་གཏོང་དགོས།ཏང་རྩ་འཛུགས་ཀྱིས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལས་ཀར་སྣེ་ཁྲིད་པར་གཅིག་འགྱུར་བྱས་ནས། དྲ་མིག་ཅན་གྱི་ཞབས་ཞུ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། གནད་དོན་མཐོང་བ།གོང་ལ་སྙན་སེང་ཞུ་བ། ཐག་གཅོད་པ། ཚུན་ལེན་ལས་ཀའི་གདུབ་ཟུམ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། མང་ཚོགས་ལ་ཞབས་ཞུ་ལས་ཀ་ནན་པོ་སྒྲུབ་ནས་ཡིག་སྐུར་ངོ་གཏུག་གི་ལས་ཀ་དེ་ཁྲིམས་ལྡན་ལ་སྐུལ་འདེད་གཏོང་།དུས་རབས་གསར་པའི་“ཧྥེང་ཆའོ་ཉམས་མྱོང་”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས། ཡིག་སྐུར་ངོ་གཏུག་དང་སྨན་བཅོས། སློབ་གསོ། ཁྲིམས་འཛིན།“རྒན་པ་གཅིག་དང་བྱིས་པ་གཅིག”སོགས་གནད་ཆེའི་མངའ་ཁོངས་སུ་སྤྱི་ཚོགས་ལས་བྱེད་འཇོན་མི་རུ་ཁག་འཛུགས་སྐྲུན་སྐུལ་འདེད་བཏང་ནས་ཆེད་ལས་ཅན་གྱི་སྤྱི་ཚོགས་ལས་བྱེད་འཇོན་མི་རུ་ཁག་ཅིག་གཏོད་དགོས་པའི་ནན་བཤད་གནང་།

    གྲོས་ཚོགས་ཐོག་འཕྲལ་སྡོམ་སྔོན་ཇུས་མ་ལག་འཐུས་ཚང་བཏང་ནས་རིམ་ཁག་རིགས་སོ་སོའི་འཕྲལ་སྡོམ་སྔོན་ཇུས་ཕན་ཚུན་འབྲེལ་བར་ཁག་ཐེག་བྱེད་དགོས། འཕྲལ་སྡོམ་སྔོན་ཇུས་ནང་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྔོན་ཚུད་ཀྱི་ཉེན་བརྡ། ཐག་གཅོད། དང་ལེན་ཞུ་བ་བཅས་ཀྱི་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་དགོས། ལས་བྱེད་པ་རུ་ཁག་གིས་འབོར་ཐོན་དོན་རྐྱེན་གྱི་འཕྲལ་སྡོམ་ཐག་གཅོད་ནུས་ཤུགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ རིགས་སོ་སོ་འཕྲལ་སྡོམ།ཉེན་འགོག རང་སྐྱོབ། རོགས་སྐྱོབ། ཉེན་ཁ་ཉུང་དུ་གཏོང་བ་སོགས་གཞི་རྩའི་ཤེས་བྱ་ཁྱབ་སྤེལ་མགྱོགས་སུ་གཏོང་དགོས་པའི་ནན་བཤད་གནང་།

    གྲོས་ཚོགས་ཐོག་ད་དུང་ལས་དོན་གཞན་དག་ཞིབ་འཇུག་བྱས།

    ཁུལ་འགོ་ཁྲིད་དབྱང་ཙི་ཅང་། ཀྲུའུ་ཧུང་། ལི་དབྱང་། ཁྲིན་ཆུན། དབྱང་ཞུའེ་ཝུན། ཧྥེན་པིང་ཆའོ། ཞུང་ཝུན་པིང་གྲོས་ཚོགས་སུ་ཞུགས།