2025ནས་དུས་ཆེན་ཁག་གཅིག་གི་ངལ་གསོ་མང་དུ་བཏང་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-11-13   རྩོམ་ཁུངས།    西藏日报藏文媒体

2025ལོའི་དུས་ཆེན་དང་གུང་གསེང་ཁག་གཅིག་གི་ངལ་གསོ་བཀོད་སྒྲིག་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོ།

    ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་ཁག་གི་མི་དམངས་སྲིད་གཞུང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུད་ཁག་དང་ཐད་གཏོགས་ལས་ཁུངས་ཁག་ལ།

    ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། 2024ལོའི་ཟླ་11པར་བཟོ་བཅོས་བརྒྱབ་པའི《རྒྱལ་ཡོངས་ཀྱི་ལོ་གསར་དང་དྲན་གསོའི་ཉིན་མོའི་ངལ་གསོ་འཇོག་ཐབས》ལ་གཞིགས་ཏེ། 2025ལོའི་ཟླ་1ཚེས་1ཉིན་ནས་བཟུང་སྤྱི་དམངས་ཡོངས་ཀྱི་ངལ་གསོ་ཉིན་2མང་དུ་གཏོང་རྒྱུ་དང་། དེའི་ནང་དཔྱིད་གསར་དུས་ཆེན་དང་ངལ་རྩོལ་དུས་ཆེན་སོ་སོར་ཉིན་1མང་དུ་གཏོང་རྒྱུ། དེར་བརྟེན། ངལ་གསོ་ལེགས་སྒྲིག་བྱེད་པའི་རྩ་དོན་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་དམིགས་བསལ་གྱི་གནས་ཚུལ་ཕུད། དཔྱིད་གསར་དུས་ཆེན་ལ་གནམ་གང་ནས་ངལ་གསོ་ཉིན་8འཇོག་རྒྱུ་དང་། རྒྱལ་སྟོན་ལ་ཟླ་10ཚེས་1ཉིན་ནས་ངལ་གསོ་ཉིན་7འཇོག་རྒྱུ། ངལ་རྩོལ་དུས་ཆེན་ལ་ངལ་གསོ་ཉིན་5འཇོག་རྒྱུ། གནམ་ལོ་གསར་ཚེས་དང་། དྭངས་གསལ་དུས་ཚིགས། ལྔ་པའི་ཚེས་ལྔའི་དུས་ཆེན། ཟླ་མཆོད་དུས་ཆེན་བཅས་སོ་སོར་ངལ་གསོའི་དུས་ཚོད་ལེགས་སྒྲིག་གམ་ཡང་ན་གཟའ་མཇུག་དང་མཉམ་དུ་བསྟུད་མར་ཉིན་3འཇོག་རྒྱུ(དཔེར་ན་གཟའ་ལྷག་པར་ཁེལ་ན་ངལ་གསོ་དེ་ཉིན་མ་གཏོགས་མེད) རྒྱལ་སྟོན་ལ་ངལ་གསོ་འཇོག་སྐབས་གལ་ཏེ་ཟླ་མཆོད་དུས་ཆེན་དང་ཏག་ཏག་ཁེལ་ན་ཁྱོན་ངལ་གསོ་ཉིན་8འཇོག་རྒྱུ། གོང་གསལ་གྱི་རྩ་དོན་གཞིར་བཟུང་། ད་ལྟ་2025ལོའི་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། དྭངས་གསལ་དུས་ཚིགས། ངལ་རྩོལ་དུས་ཆེན། ལྔ་པའི་ཚེས་ལྔའི་དུས་ཆེན། ཟླ་མཆོད་དུས་ཆེན། རྒྱལ་སྟོན་བཅས་ཀྱི་ངལ་གསོ་ལེགས་སྒྲིག་གི་དུས་ཚོད་བཀོད་སྒྲིག་བྱས་ནས་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།

 གཅིག གནམ་ལོ་གསར་ཚེས།ཟླ་1ཚེས་1ཉིན(གཟའ་ལྷག་པ)ངལ་གསོ་ཉིན་1འཇོག་རྒྱུ།

    གཉིས། དཔྱིད་གསར་དུས་ཆེན། ཟླ་1ཚེས་28ཉིན(ལུགས་རྙིང་ལོའི་གནམ་གང་དང་གཟའ་མིག་དམར)ནས་ཟླ་2ཚེས་4ཉིན(ལུགས་རྙིང་ལོའི་ཟླ་དང་པོའི་ཚེས་7དང་གཟའ་མིག་དམར)བར་ངལ་གསོ་ཉིན་8འཇོག་རྒྱུ། ཟླ་1ཚེས་26ཉིན(གཟའ་ཉི་མ)དང་ཟླ་2ཚེས་8ཉིན(གཟའ་སྤེན་པ)ལས་ཀར་ཡོང་རྒྱུ།

    གསུམ། དྭངས་གསལ་དུས་ཚིགས། ཟླ་4ཚེས་4ཉིན(གཟའ་པ་སངས)ནས་ཚེས་6ཉིན(གཟའ་ཉི་མ)བར་ངལ་གསོ་ཉིན་3འཇོག་རྒྱུ།

    བཞི། ངལ་རྩོལ་དུས་ཆེན། ཟླ་5ཚེས་1ཉིན(གཟའ་ཕུར་བུ)ནས་ཚེས་5ཉིན(གཟའ་ཟླ་བ)བར་ངལ་གསོ་ཉིན་5འཇོག་རྒྱུ། ཟླ་4ཚེས་27ཉིན(གཟའ་ཉི་མ)ལས་ཀར་ཡོང་རྒྱུ།

    ལྔ། ལྔ་པའི་ཚེས་ལྔའི་དུས་ཆེན། ཟླ་5ཚེས་31ཉིན(གཟའ་སྤེན་པ)ནས་ཟླ་6ཚེས་2ཉིན(གཟའ་ཟླ་བ)བར་ངལ་གསོ་ཉིན་3འཇོག་རྒྱུ།

དྲུག རྒྱལ་སྟོན་དང་དཔྱིད་གསར་དུས་ཆེན། ཟླ་10ཚེས་1ཉིན(གཟའ་ལྷག་པ)ནས་ཚེས་8ཉིན(གཟའ་ལྷག་པ)བར་ངལ་གསོ་ཉིན་8འཇོག་རྒྱུ་དང་། ཟླ་9ཚེས་28ཉིན(གཟའ་ཉི་མ)དང་ཟླ་10ཚེས་11ཉིན(གཟའ་སྤེན་པ)ལས་ཀར་ཡོང་རྒྱུ།

 དུས་ཆེན་དང་གུང་གསེང་རིང་། ས་ཁུལ་དང་སྡེ་ཚན་ཁག་གིས་སྡོད་བྱ་དང་དེ་བཞིན་བདེ་འཇགས་དང་། བདེ་སྲུང་། རིམས་འགོག་སོགས་ཀྱི་ལས་དོན་བཀོད་སྒྲིག་ཡག་པོ་བྱེད་དགོས་པ་དང་། གལ་ཏེ་ཐོལ་བྱུང་དོན་རྐྱེན་ཆེན་པོ་ཐོན་ཕྱིན་དུས་ཐོག་ཏུ་སྙན་སེང་ཞུ་དགོས་པ་མ་ཟད་ཐག་གཅོད་འོས་འཚམ་བྱས་ནས་མི་དམངས་མང་ཚོགས་བཀྲ་ཤིས་ལ་བདེ་འཇགས་ལྡན་པའི་དུས་ཆེན་དང་གུང་གསེང་གཏོང་རྒྱུ་ཡོང་བའི་འགན་ལེན་བྱེད་དགོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།

2024ལོའི་ཟླ་11ཚེས་12ཉིན།