རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-11-15   རྩོམ་ཁུངས།   
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་11པའི་ཚེས་13ཉིན་ནས་ཚེས་14ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་། ཁུལ་དཔོན་ཀྲང་ཝེ་ཏུང་རྫོང་གསུམ་(གྲོང་ཁྱེར)དུ་ཕེབས་ནས་རང་ཁུལ་གྱི་གནད་ཆེའི་ནུས་ཁུངས་རྣམ་གྲངས་འཛུགས་སྐྲུན་གྱི་དུས་འགོའི་ལས་ཀ་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་རྟག་ཞིབ་གནང་བ་དང་། མི་དམངས་ལྟེ་བར་འཛིན་རྒྱུར་མཐའ་འཁྱོངས་དང་མང་ཚོགས་ཀྱི་ཁེ་ཕན་ཐོག་མར་བཞག་ནས་འགན་ལེན་འདུ་ཤེས་དང་ཞབས་འདེགས་འདུ་ཤེས་མུ་མཐུན་ཤུགས་ཆེར་གཏོང་བ། ཧུར་ཐག་དང་རང་འགུལ་ངང་གནད་དོན་ཐག་གཅོད། རྣམ་གྲངས་ཀྱི་དུས་འགོའི་ལས་ཀ་ཁག་མགྱོགས་སུ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་།
ལུའོ་ཁྲའོ་ཧྥེང་དང་ཀྲང་ཝེ་ཏུང་དང་བཅས་པ་སྔ་རྗེས་སུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྟག་མཆོང་གྲོག་རོང་། ཅིན་ཅང་གྲོང་རྡལ། ཧྲན་ཅང་ཤང་། འཇོལ་རྫོང་ཐང་སྟེང་ཤང་། འབའ་ལུང་རྗོང་མཐའ་ཆུ་གྲོང་རྡལ་དུ་ཕེབས་ནས་གཞི་རིམ་ལས་བྱེད་པ་མང་ཚོགས། འཛུགས་སྐྲུན་བྱེད་པའི་ལས་ཁུངས་དང་སྤེལ་རེས་ཟབ་པོ་བྱས་ནས་མིག་སྔར་གནས་པའི་དཀའ་གནད་ཐུན་མོང་ཐོག་དབྱེ་ཞིབ་བྱེད་པ་དང་ཐག་གཅོད་བྱ་ཐབས་ཞིབ་འཇུག་གནང་བ་མ་ཟད། ད་དུང་མཐའ་ཆུ་གྲོང་རྡལ་དུ་ཆེད་དོན་གྲོས་ཚོགས་འཚོགས་ནས་རྫོང་(གྲོང་ཁྱེར)ཤང་(གྲོང་རྡལ)སོ་སོའི་རྣམ་གྲངས་ཀྱི་དུས་འགོའི་ལས་ཀ་སྐུལ་འདེད་གཏོང་ཚུལ་གྱི་སྙན་སེང་ཉན་པ།
ལུའོ་ཁྲའོ་ཧྥེང་གིས་གནད་ཆེའི་ནུས་ཁུངས་རྣམ་གྲངས་ཀྱི་འཛུགས་སྐྲུན་དེ་བདེ་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མང་ཚོགས་ཀྱི་རང་ཉིད་ཁེ་ཕན་དང་འབྲེལ་བ་ཡོད། རིམ་ཁག་སྡེ་ཚན་སོ་སོས་གནད་ཆེའི་ནུས་ཁུངས་རྣམ་གྲངས་འཛུགས་སྐྲུན་ལས་བྱུང་བའི་གོ་སྐབས་གང་ཐུབ་ངོས་འཛིན་བྱེད་པ་དང་།ཚད་མཐོའི་རང་རྟོགས་ཀྱིས་སྤྱི་ཡོངས་ཀྱི་འདུ་ཤེས་དང་འགན་འཁྲི་འཁུར་ཕོད་པའི་ཐོག་ནས་རྒྱལ་ཁབ་གནད་ཆེའི་ཐབས་ཇུས་བཀོད་སྒྲིག་ལ་མཐའ་གཅིག་ཏུ་རོགས་སྐྱོར་ཞབས་འདེགས་བྱེད་པ་དང་རྣམ་གྲངས་འཛུགས་སྐྲུན་ལ་ནན་པོའི་ངང་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་རིམ་ཁག་སྡེ་ཚན་སོ་སོས་ཆབ་སྲིད་ཚུགས་གནས་མཐོ་རུ་བཏང་ནས་སྟོབས་ཤུགས་གང་ཡོད་ཀྱིས་རྣམ་གྲངས་འཛུགས་སྐྲུན་ལ་འགན་ལེན་བཏོན་དགོས། མང་ཚོགས་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས། ཡུན་རིང་འཕེལ་རྒྱས་ལ་དམིགས་ནས་ཆུ་ཚད་མཐོ་བའི་འཆར་འགོད་ཀྱིས་རྣམ་གྲངས་སྤུས་ཚད་དང་ཕན་ནུས་མཐོ་བའི་ལག་བསྟར་ལ་སྣེ་ཁྲིད་བྱེད་དགོས། ཁེ་ལས་དང་ས་གནས་ཏང་ཨུ་སྲིད་གཞུང་གིས་མུ་མཐུད་ལས་ཀའི་བྱ་ཐབས་འཐུས་ཚང་བཏང་ནས་རྣམ་གྲངས་འཛུགས་སྐྲུན་མགྱོགས་སུ་གཏོང་དགོས། ཆབ་སྲིད་སྒྲིག་ལམ་བརྟན་སྲུང་བྱས་ནས་སྲིད་གཙང་ལས་གྲྭ་དང་བློ་བདེ་ལས་གྲྭ་འཛུགས་དགོས་པའི་བླང་བྱ་བཏོན།
ལུའོ་ཁྲའོ་ཧྥེང་གིས་ལོ་མཇུག་ཏུ་ཕེབས་དུས། རིམ་ཁག་སྡེ་ཚན་སོ་སོའི་འབྱུང་ཁུངས་དོ་དམ་ཤུགས་ཆེར་བཏང་ནས་ནགས་ཚལ་དང་རྩྭ་ཐང་མེ་གསོད་མེ་འགོག་ལས་ཀ་སྟོབས་ཤུགས་གང་ཡོད་ཀྱིས་ཡག་པོ་སྒྲུབ་དགོས། ཞིང་པའི་ཡོང་སྒོར་འཕར་བའི་གནད་དོན་དམིགས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། དུས་ཚིགས་བཞི་པའི་མཇུག་བསྡུ་ལས་ཀ་ཡག་པོ་བསྒྲུབས་ནས་ལོ་ཡོངས་དཔལ་འབྱོར་སྤྱི་ཚོགས་དམིགས་འབེན་ལས་འགན་སྤུས་ཚད་མཐོ་པོའི་ངང་ལེགས་སྒྲུབ་བྱེད་དགོས། རང་ཁུལ་གྱི་གནས་ཚུལ་དངོས་པོ་དང་འཕེལ་རྒྱས་བླང་བྱར་དམིགས་ནས་“ལོ་ངོ་ལྔ་ཚན་བཅོ་ལྔ་པའི”་འཆར་འགོད་ཀྱི་དུས་འགོའི་ཞིབ་འཇུག་འཆར་འགོད་ལས་ཀ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།
ཁུལ་འགོ་ཁྲིད་དབྱང་ཙི་ཅང་། ཁྲིན་ཆུན། དབྱང་ཞུའེ་ཝུན། ཀྲོང་ཞའོ་ཕིང་རྟག་ཞིབ་ཏུ་ཞུགས།