ཚེ་འདིའི་བརྩེ་སེམསG214ཞེས་པའི་བྱེད་སྒོ་སྐབས་དང་པོ་སྤེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-11-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་11ཚེས་16་ཉིན་ཡུན་ནན་གྱི་འཚོ་བ་ཟེར་བ་ཞིག་ཡོད་"འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ཚེ་འདིའི་བརྩེ་སེམས་G214”ཞེས་པའི་2024ལོའི་སྐབས་དང་པོའི་རིམ་སྤེལ་བྱེད་སྒོ་བདེ་ཆེན་ཁུལ་དུ་སྤེལ་འགོ་ཚུགས་པ་རེད། ད་ཐེངས་ཀྱི་བྱེད་སྒོ་དེ་སྒེར་འཁོར་གཏོང་བའི་བྱ་ཐབས་བརྒྱུད་སྐུ་མགྲོན་རྣམ་པའི་སྣེ་ཁྲིད་དེ་བདེ་ཆེན་ཁུལ་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་།  ཕུན་སུམ་ཚོགས་པའི་རིག་གནས།   སྣ་མང་གི་མི་རིགས་ཞིམ་ཟས་བཅས་ཐུན་མོང་ཐོག་ཉམས་ལེན་བྱས་ནས་“ཡུན་ནན་གྱི་འཚོ་བ་ཟེར་བ་ཞིག་ཡོད་”རྒྱུན་མཐུད་ངང་མཚོན་པ་བྱས་པ་རེད།   
    བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནི་ཡུན་ནན་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་གནས་པ་དང་བརྗིད་ཆགས་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་ཕུན་སུམ་ཚོགས་པའི་མི་རིགས་ཀྱི་རིག་གནས་ལ་བརྟེན་ནས་སྐད་གྲགས་ཆོད་ཡོད།G214རྒྱལ་ལམ་དེ་བདེ་ཆེན་ཁུལ་མངའ་ཁོངས་ཀྱི་འཇོལ་རྫོང་དང་། ཉི་ཤར་ཤང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར། ཡང་ཐང་གྲོང་རྡལ། སྟག་མཆོང་གྲོག་རོང་གྲོང་རྡལ་སོགས་བརྒྱུད་དེ་ལམ་བར་དུ་ཕུན་སུམ་ཚོགས་པའི་གནམ་གཤིས་དང་། སྐྱེ་དངོས། ས་གཤིས་སོགས་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་མངོན་པ་དང་། ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་དང་ཡུན་རིང་གི་ལོ་རྒྱུས་རིག་གནས་འདུས་ཡོད་པས་“ཀྲུང་གོའི་མཛེས་ལྗོངས་ཕུན་སུམ་ཚོགས་ཤོས་ཀྱི་རྒྱལ་ལམ་”ཞེས་པའི་མཚན་སྙན་ཐོབ་ཡོད། སྐྱེ་ཁམས་ཡུལ་སྐོར་དང་། རིག་གནས་ཡུལ་སྐོར། མྱུལ་དཔྱད་ཡུལ་སྐོར་བཅས་ཀྱི་ལམ་ཐིག་ལེགས་ཤོས་ཀྱི་གདམ་གསེས་ཤིག་ཀྱང་ཡིན།

    བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲེང་རུང་གིས་ཚེ་འདིའི་བརྩེ་སེམས་G214ནི་ཡུལ་སྐོར་བྱེད་སྒོ་ཞིག་ཡིན་པ་མ་ཟད་བརྩེ་དུང་གི་བསྒྲགས་གཏམ་ཞིག་དང་རིག་གནས་རྒྱུན་འཛིན་ཞིག་དེ་བས་ཀྱང་ཡིན་པ་མ་ཟད་ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་སེམས་ཀྱི་ཉི་ཟླའི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་ཏེ་ཡུལ་སྐོར་བ་ཚོས་G214་ཡི་བརྩེ་སེམས་རེ་རེ་བཞིན་རྟོགས་ཐུབ་པ་དང་ཡུན་ནན་གྱི་འཚོ་བ་ཟེར་བ་ཞིག་ཡོད་མི་སེམས་ལ་ཟུག་ཐུབ་པའི་རེ་བ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན་ད་ཐེངས་ཀྱི་བྱེད་སྒོ་དེ་བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། ཡུན་ནན་ཞིང་ཆེན་སྒེར་འཁོར་དང་ཁང་འཁོར་སྒར་སྡོད་མཐུན་ཚོགས་སོགས་ཀྱིས་གཉེར་འགན་འཁུར་ཞིག་རེད། ད་ཐེངས་ཀྱི་བྱེད་སྒོར་བརྟེན་ནས་བདེ་ཆེན་ཁུལ་གྱིས་དེ་བས་ཕུན་སུམ་ཚོགས་པའི་རང་བྱུང་མཛེས་ལྗོངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས་སྔར་བས་མངོན་པར་བྱས་ཏེ་ཡུལ་སྐོར་བར་དེ་བས་སྣང་བརྙན་ལྡན་པ་དང་། དེ་བས་ཡིད་དབང་འཕྲོག་ཤུགས་ལྡན་པ། དེ་བས་སྐྱིད་ཉམས་ལྡན་པ་བཅས་ཀྱི་ཡུལ་སྐོར་བྱ་ཡུལ་ཞིག་མཐོང་ཐུབ་པ་བྱས་ནས་ཡུལ་སྐོར་ཐོན་རྫས་དང་། དཔེ་དབྱིབས། ལས་རྣམ་གསར་གཏོད། ཞབས་ཞུ་ལེགས་གཏོད་བཅས་ལ་སྐུལ་འདེད་བཏང་སྟེ་“ཡུན་ནན་གྱི་འཚོ་བ་ཟེར་བ་ཞིག་ཡོད་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ཞེས་པའི་སྒོ་བྱང་ཆེན་པོ་དེ་མུ་མཐུད་ཡག་པོ་ཞིག་གཏོད་དགོས།