ང་ཚོས་ཉིན་གཅིག་ལ་སྒོ་ང་ག་ཚོད་མཆོད་ན་འཚམ་པོ་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-11-20   རྩོམ་ཁུངས།    中央广播电视总台藏语

    སྒོ་ངའི་ནང་སྤྲི་དཀར་དང་། འཚོ་རྒྱུ། གཏེར་རྒྱུ་སོགས་འཚོ་བཅུད་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། ཉིན་གཅིག་ལ་སྒོ་ང་ག་ཚོད་མཆོད་ན་འཚམ་པོ་ཡོད་པའི་ཐད《བདེ་ཐང་ཀྲུང་གོ》ཞེས་པའི་ནང་འཁོད་དོན། སྒོ་ངའི་ནང་མཁྲིས་རྒྱུའི་གཤེར་རྩི་འདུས་ཚད་ཧ་ཅང་མཐོ་པོ་ཡོད་པས། སྒོ་ང་མཆོད་རྒྱུ་མང་དྲགས་ན་ཟུངས་ཁྲག་ནང་གི་མཁྲིས་རྒྱུའི་གཤེར་རྩི་འདུས་ཚད་མཐོ་རུ་འགྲོ་བ་དང་། འཚོ་བཅུད་མང་དྲགས་ནས་རྒྱགས་པ་ཆགས་པའི་ཉེན་ཁ་ཡོད་པ། ད་དུང་མིའི་གཟུགས་པོས་ཟས་རིགས་ནང་ནས་འཚོ་བཅུད་གཞན་དག་བསྡུ་ལེན་བྱ་རྒྱུར་ཡང་ཤུགས་རྐྱེན་ངན་པ་ཐེབས་ནས། འཚོ་བཅུད་དོ་སྙོམས་མེད་པར་འགྱུར་རྒྱུ་རེད། ད་དུང་དུས་ཡུན་རིང་པོ་སྒོ་ང་མཆོད་རྒྱུ་མང་དྲགས་ན་ཟས་ཀྱི་དང་ག་འགག་པའམ་ཟས་འཇུ་སྟོབས་ཞན་པར་འགྱུར་བའི་ཉེན་ཁ་ཡོད། གཞན་ཡང་སྒོ་ང་མཆོད་རྒྱུ་མང་དྲགས་ན་སྒོ་ངའི་ནང་འདུས་པའི་ཏན་རྒྱུའི་སྙིགས་རོས་མཁལ་མ་དང་མཆིན་པའི་ཁུར་པོ་ལྕི་རུ་གཏོང་གི་ཡོད།

    དེས་ན། འཚོ་བཅུད་རིག་པའི་ཐད་ནས་བཤད་ཚེ། སྤྱིར་བཏང་མི་རྣམས་ནས་ཉིན་གཅིག་ལ་སྒོ་ང་གཅིག་ནས་གཉིས་བར་མཆོད་ན་འཚོ་བཅུད་ཀྱི་དགོས་མཁོ་སྐོང་ཐུབ་པའམ་ཁ་གྲངས་དེ་འཚམ་པོ་ཡོད།