འབྲོག་ཕྲུག་ཚོའི་རོལ་དབྱངས་ཕུགས་འདུན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-11-27   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

བྱ་དགའ་ཐོབ་འདུག

གཡུ་ཤེས་ཆོས་སྒྲོན (གཡོན)གྱིས་སློབ་གྲོགས་ཚོ་དང་མཉམ་དུ་དབྱངས་རྟགས་ལ་ཞིབ་འཇུག་བྱེད་བཞིན་པའི་ཚུལ།

 “ངས་ཧྲེང་ཧེ་རོལ་དབྱངས་སློབ་གླིང་ལ་མིང་ཐོ་བཀོད་དེ་གླིང་བུ་རིང་བ་འབུད་མཁན་ཞིག་བྱེད་ན་འདོད”སེམས་ཀྱི་ཕུགས་འདུན་གླེང་བའི་ཚེ་གཡུ་ཤེས་ཆོས་སྒྲོན་གྱི་ནག་ཞིང་སྒོར་བའི་མིག་ཆུང་ལ་སྤྲོ་སེམས་ཀྱི་མེ་ལྕེ་འཕྱུར་བཞིན་དེ་ལྟར་ལབ་བྱུང་། 

ད་ལོར་ན་ཚོད14ལ་སོན་པའི་གཡུ་ཤེས་ཆོས་སྒྲོན་ཆུང་དུས་ནས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་ནས་ནར་སོན་པ་དང་། སློབ་ཆུང་ནས་དམའ་འབྲིང་ལ་འགྲོ་སྐབས་དགེ་རྒན་གྱི་ཁ་ནས་ཟི་ལིང་གི་མགོ་ལོག་མི་རིགས་སློབ་འབྲིང་ལ་རྒྱུགས་སྤྲད་ན་ཆོག་པའི་གནས་ཚུལ་གོ་རྗེས། རྒྱུགས་འབྲས་བཟང་བའི་ཁོ་མོས་ཕ་མའི་རྒྱབ་སྐྱོར་འོག་ཏུ་ཐེ་ཚོམ་མེད་པར་ཟི་ལིང་གི་མགོ་ལོག་མི་རིགས་སློབ་འབྲིང་ལ་མིང་ཐོ་བཀོད།

སློབ་གྲྭ་འདི་ནི་མགོ་ལོག་ཁུལ་གྱིས་ཧྲེང་ཧེ་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྱོར་བྱེད་པའི་གོ་སྐབས་ལ་བརྟེན་ཏེ་ཟི་ལིང་ནས་བཅའ་སྡོད་སློབ་གྲྭ་ཞིག་བཙུགས་ཡོད་པ་དེ་རེད། སྐབས་དང་པོ་ནས་སློབ་མ་བསྡུས་པ་ནས་དུས་ད་ལྟའི་བར་དུ། བསྡོམས་པས་མགོ་ལོག་གི་སློབ་མ1700ལྷག་གི་སློབ་གྲྭ་འདིར་ཞུགས་པས། མགོ་ལོག་ས་ཁུལ་དུ་དགེ་རྒན་གྱི་དཔུང་སྡེ་ཞན་པ་དང་སློབ་སྒྲུབ་ཆུ་ཚད་དམའ་བ་སོགས་ཀྱི་གནད་དོན་སྣ་ཚོགས་སེལ་བ་དང་མཉམ་དུ། མགོ་ལོག་དང་ཧྲེང་ཧེ་བར་དུའང་འབྲེལ་འདྲིས་དང་མཛའ་བརྩེའི་ཟམ་པ་ཞིག་བཙུགས།

“ཐེངས་དང་པོར་ཟི་ལིང་ནས་སློབ་གྲྭར་ཞུགས་པས་དགའ་ཡང་དགའ་ལ། སྐྲག་ཡང་སྐྲག”ན་ནིང་གི་ཟླ9པར། གཡུ་ཤེས་ཆོས་སྒྲོན་སྤྱི་ལེ400མཚམས་ཀྱི་གྲོང་ཁྱེར་ཆུང་ངུ་ཞིག་ནས་འདིར་ཐོན་པ་ན། སློབ་ར་གསར་བ་དང་། རྒྱུས་མངའ་མེད་པའི་ཁོར་ཡུག་དག་མཐོང་པ་དང་། དམའ་འབྲིང་དང་པོའི་སློབ་མ་གསར་བ་ཞིག་ཡིན་པའི་ཆ་ནས་ཁོ་མོའི་སེམས་སུ་ཕ་ཡུལ་དྲན་པའི་དྲན་གདུང་གི་ཚོར་བ་དྲག་པོ་ཞིག་གཅིག་རྗེས་གཉིས་མཐུད་དུ་འཕྱུར་བར་བྱས། འོན་ཀྱང་། དགེ་རྒན་དང་སློབ་གྲོགས་ཚོའི་ཐུགས་ཁུར་དང་མཛའ་བརྩེ་ནི་དྲོད་ལམ་ལམ་གྱི་ཉི་འོད་བཞིན་དྲོ་ཞིང་འཇམ་པས། འཚབ་འཚུབ་དང་ཐེ་ཚོམ་གྱི་ཀློང་གི་བུ་མོ་ཆུང་ཆུང་འདི་མྱུར་དུ་ཐུན་མོང་གི་ཚོགས་པའི་ནང་འདྲེས་སུ་བཅུག ཡུན་རིང་མ་འགོར་བར། རོལ་དབྱངས་ཚོགས་པས་མི་སྣ་བསྡུ་བའི་བརྡ་ཐོ་ཞིག་ཁོ་མོའི་མིག་ལམ་དུ་ལྷུང་།

“ཨ་མྱེས་དང་མཉམ་དུ་གསར་འགྱུར་ལ་ལྟ་སྐབས་ཀོ་ཅོན་རོལ་དབྱངས་ཚོགས་པའི་འཁྲབ་སྟོན་ཞིག་རིག་བྱུང་། དེ་ལྟ་བུ་ཞིག་ད་སྔའི་བར་དུ་མཐོང་མྱོང་མེད།”ཆེད་ལས་དགེ་རྒན་ཀྲའོ་ཅ་དབྱི་ཡི་ངོ་སྤྲོད་ལ་ཉན་རྗེས། གཡུ་ཤེས་ཆོས་སྒྲོན་གྱིས་ཚོད་ལྟ་ཞིག་བྱ་འདོད་པའི་སེམས་ཁམས་བཅངས་ཏེ་མིང་ཐོ་བཀོད། ཁོ་མོར་མཚོན་ན།  འབུད་གཏོང་རོལ་དབྱངས་ཚོགས་པ་དེ་ནི་ལས་དོན་གསར་བ་ཞིག་ཡིན་པ་དང་། སློབ་གྲྭར་མཚོན་ན་ཆེད་ལས་འདི་འདྲ་ཅན་གྱི་སློབ་མ་གསར་བ་ཕྱི་ལ་བསྐྱེལ་བ་ཐེངས་ཐོག་མ་ཡིན།  

མ་གཞིར། ན་ནིང་གི་ཟླ3པར། ཧྲེང་ཧེ་རོལ་དབྱངས་སློབ་གླིང་གི་གྲངས་ཉུང་མི་རིགས་སྒྱུ་རྩལ་འཇོན་མི་གསོ་སྐྱོང་ཚོགས་པའི་གྲོས་གཞིའི་འོག མགོ་ལོག་ཁུལ་གྱིས་རྒྱལ་ཡོངས་ཀྱི་བོད་རིགས་ན་གཞོན་པའི་རོལ་དབྱངས་ཚོགས་པ་ཐོག་མ་འཛུགས་རྒྱུ་གཏན་འབེབས་བྱས།

    སྲོལ་ཡིག་སྒྲིག་བཟོ་དང་རོལ་ཆས་ཉོ་བ། དགེ་རྒན་གཏན་འབེབས་སོགས་ཀྱི་ལས་ཀ་ཐམས་ཅད་ཟླ་འགར་གྲ་སྒྲིག་བྱས་པ་བརྒྱུད། མགོ་ལོག་ཁུལ་ན་གཞོན་རོལ་དབྱངས་ཚོགས་པ་དེ་སློབ་གྲྭ་ནས་དངོས་སུ་བཙུགས། རོལ་དབྱངས་ཚོགས་པའི་ཚོགས་མི45ནི་གཡུ་ཤེས་ཆོས་སྒྲོན་དང་འདྲ་བར་བོད་རིགས་ཡིན་པ་དང་དེའི་ཁྲོད་ཀྱི་སློབ་མ30འབྲོག་ཁྱིམ་ནས་འཚར་ལོངས་བྱུང་བའི་བྱིས་པ་རེད།

ན་ནིང་གི་ཟླ12པའི་ཟླ་མཇུག་ཏུ། ཧྲེང་ཧེ་རོལ་དབྱངས་སློབ་གླིང་གི་འབུད་གཏོང་རོལ་དབྱངས་ཚོགས་པའི་མཉམ་ལས་ཆེད་དོན་རོལ་ཚོགས་དེ་མཚོ་སྔོན་ཟློས་གར་ཁང་དུ་བསྡུས། 《དར་དམར་ལ་བསྟོད་པ》དང《ནམ་མཁའི་གྲོང་ཁྱེར》སོགས་འཁྲབ་སྟོན་བྱས་པ་ན། རོལ་དབྱངས་ཀྱི་སྨྱུ་གུ་ཞིག་གཡུ་ཤེས་ཆོས་སྒྲོན་གྱི་སེམས་ནས་ལྗང་སྨྱུག་འབུས་མགོ་བརྩམས།

    ད་ལོའི་ཟླ3པ་ནས་བཟུང་། “ཀྲུང་ཧྭ་རྟགས་མའི”ཀྲུང་གོའི་སྐབས་བཅུ་བདུན་པའི་ཕུལ་བྱུང་འབུད་གཏོང་རོལ་དབྱངས་ཚོགས་པས་འཁྲབ་སྟོན་བྱེད་སྒོ་སྤེལ་ལ་ཉེ་བའི་གནས་ཚུལ་སློབ་གྲྭར་འབྱོར་པ་དེ། གཡུ་ཤེས་ཆོས་སྒྲོན་སོགས་ལ་མཚོན་ན་འབྲོག་ས་ནས་ཐོན་པའི་སློབ་མ་ཚོར་རོལ་ཆས་དེ་དག་ལ་ཐུག་མ་མྱོང་བ་དང་། ཆེད་ལས་ཀྱི་རྨང་གཞི་གྲོང་ཁྱེར་གྱི་བྱིས་པའི་དོ་ཡ་མིན་ནའང་། ཁོ་ཚོས་སྔར་བཞིན་གྲོང་ཁྱེར་གྱི་བྱིས་པ་ཚོར་འགྲན་སྡུར་བྱས་པ་དང་། ཇི་ལྟར་ཉན་རུང་ནམ་ཁར་སྙེག་པ་བཞིན་དཀའ་ཁག་ཆེ།

རོལ་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་ཡིན་པའི་ཆ་ནས་ཀྲའོ་ཅ་དབྱི་ཡིས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་རྗེས་ན་གཞོན་རོལ་དབྱངས་ཚོགས་པ་འདི་ཕྱི་ལ་མངགས་ནས་ལྟ་རྒྱ་ཐོས་རྒྱ་ཞིག་བསྐྱེད་དུ་འཇུག་རྒྱུར་ཐག་བཅད། 

ཀྲའོ་ཅ་དབྱི་ཡི་གྲོས་གཞི་དེ་ཧྲེང་ཧེ་དང་སློབ་གྲྭར་ལོ་གཉིས་རིང་ལས་ཀ་ལས་པའི་སློབ་གཙོ་ཁྲང་ཐུའུ་ལ་མཚོན་ན་སྔར་ལས་ལྷག་པའི་དོན་སྙིང་གཏིང་ཟབ་ལྡན། ཞིང་སྡེ་ནས་འཚར་ལོངས་བྱུང་ཞིང་སློབ་གསོའི་ལས་དོན་གཉེར་ནས་ལོ་ངོ་སུམ་ཅུ་འགོར་བའི་སློབ་གཙོ་རྒན་པས་བལྟས་ན། སློབ་སྦྱོང་གི་ཁོར་ཡུག་ལེགས་པོ་དེ་སློབ་ཁྲིད་ཁོ་ན་མ་ཡིན་པར། འབྲོག་ཁུལ་གྱི་སློབ་མ་རྣམས་ཕྱི་རུ་འགྲོ་ཐུབ་པའི་གོ་སྐབས་མང་པོ་སྟེར་རྒྱུ་དེ་རེད། མིག་རྒྱ་བསྐྱེད་ན་ད་གཟོད་དམིགས་འབེན་ཇེ་གསལ་དུ་འགྲོ་བ་དང་ཕུགས་འདུན་ཇེ་ཆེར་འགྲོ་སྲིད། རང་ཉིད་ཀྱིས་དངོས་སུ་ཉམས་སུ་མྱོང་ཚེ་ད་གཟོད་སེམས་ནས་དྲིན་དྲན་པ་དང་སློབ་སྦྱོང་ལ་ཧུར་བརྩོན་བྱ་ངེས། ད་ནི་ཐེངས་འདིའི་འགྲན་སྡུར་བཞིན། བྱིས་པ་རྣམས་ལ་རོལ་དབྱངས་ཀྱི་ནུས་པ་མངོན་པའི་གོ་སྐབས་བསྩལ་སོང་བར་མ་ཟད་རིགས་སོ་སོའི་མི་རིགས་བར་གྱི་འབྲེལ་འདྲིས་ལ་ཡར་སྐུལ་གཏོང་པ་དང་། ཀྲུང་ཧྭ་མི་རིགས་གཅིག་ཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་སྟེགས་བུ་ཞིག་ཀྱང་བསྐྲུན་ཡོད།

    རོལ་ཚོགས་འགྲན་སྡུར་ལ་ཞུགས་པའི་གནས་ཚུལ་གོ་རྗེས། གཡུ་ཤེས་ཆོས་སྒྲོན་ལ་མཚར་སྣང་གིས་ཁེངས་ཤིང་ཁོ་མོས་འགྲན་སྡུར་འདིའི་གནས་ཚུལ་ཤེས་ན་འདོད་པ་དང་། སློབ་གྲྭ་གཞན་པའི་རོལ་ཚོགས་ཀྱང་དེ་བས་ཀྱང་ཤེས་ན་འདོད་ཡོད།

བདེ་བླག་ངང་འདེམས་བསྐོ་བྱ་ཆེད། གཡུ་ཤེས་ཆོས་སྒྲོན་དུས་རྒྱུན་དུ་སྦྱོང་བརྡར་ཁང་དུ་ཐོན་ཚད་ཆེས་སྔ་བ་དེ་ཡིན་པ་དང་། སློབ་ཁྲིད་རེ་རེའི་སྟེང་དུ་མོའི་ཆེ་ཞིང་སྒོར་བའི་མིག་ཟུང་ནི་དགེ་རྒན་གྱི་སྟེང་དུ་བགལ་བ་ལྟར། ལག་པའི་འགུལ་སྟངས་རེ་རེར་བློ་རྩེ་གཅིག་སྒྲིམ་ངང་བལྟ་ངེས། ཅང་མ་འགོར་བར། འབད་འབུངས་བྱེད་པ་དང་ལྷན་སྐྱེས་ཀྱི་ཤེས་རབ་ལྡན་པའི་བུ་མོ་ཆུང་ཆུང་དེ་དཔྱད་ཞིབ་ཁྲོད་ལྷང་ལ་བུད་དེ་འཁྲབ་སྟོན་རོལ་ཚོགས་ཀྱི་ཚོགས་མི་ཞིག་ཏུ་གྱུར། སྦྱོར་བརྡར་བྱེད་སྐབས། སློབ་གྲོགས་ཚོ་དང་མཉམ་དུ《རྒྱང་རིང་གི་གནས་དེ》དང《གླིང་གེ་སར་རྒྱལ་བོའི་སྒྲུང》ཁྲོད་ཀྱི《རྟ་རྒྱུག་རྒྱལ་འཇོག》གཉིས་ཡང་དང་བསྐྱར་དུ་སྦྱོང་བརྡར་བྱས།

    ཅང་མ་འགོར་བར། འཁྲབ་སྟོན་དུས་ཚོད་ཐོན་པ་དང་རྒྱལ་ཡོངས་ཀྱི་འབུལ་གཏོང་རོལ་ཚོགས118དང་འགྲན་ཞུགས་པ8000ལྷག་ཧྲན་ཏུང་རི་ཀྲའོ་ནས་ལྷན་དུ་འཛོམས།

    ལུས་ལ་བོད་ལྭ་གྱོན་པའི་གཡུ་ཤེས་ཆོས་སྒྲོན་གྱི་ལག་ཏུ་གླིང་བུ་རིང་བོ་ཐོགས་ནས་གར་སྟེགས་སུ་འགྲོ་སྐབས། ཁོ་མོས་མཆུ་སྒྲོས་དམ་པོར་བཙུམ་ཞིང་ཁ་ཅུང་ཙམ་གདངས་ཚེ་སྙིང་ཆུང་ཁ་ནང་ནས་ཕྱི་རུ་ལྡིང་འགྲོ་བ་ལྟར་བྱས།

“ནོར་འཆུག་བྱུང་སྟེ་རྗེས་མའི་སློབ་མ་ཚོར་གནོད་པ་གཏན་ནས་བྱེད་མི་རུང“ཐེངས་དང་པོར་གློག་འོད་མང་པོའི་འོག་ནས་ལངས་པའི་ཚེ་གཡུ་ཤེས་ཆོས་སྒྲོན་ནི་སྦྱོང་བརྡར་བྱེད་སྐབས་དང་འདྲ་བར་མཛུབ་སྟོན་པར་ནན་ཏན་གྱིས་བལྟས། རང་ཉིད་ཀྱི་འཁྲབ་སྟོན་ནོར་འཆུག་མེད་པར་ལེགས་འགྲུབ་བྱུང་རྗེས་ད་གཟོད་དབུགས་རིང་ཞིག་འབྱིན་རྔུབ་བྱས།

འཁྲབ་སྟོན་མཇུག་རྫོགས་རྗེས། ཚོགས་ར་ནས་འབྲུག་སྒྲ་ལྟ་བུའི་ཐལ་མོའི་རྡེབ་སྒྲ་གྲགས་བྱུང་།

    སུ་ཞིག་གི་ཡིད་ལའང་ཤར་མེད་པ་ནི། རོལ་ཚོགས་མ་བཙུགས་སྔོན་དུ་བྱིས་པ་འདི་དག་གི་ཁྲོད་ནས་རོལ་ཆས་ལ་ཐུག་མྱོང་མཁན་གཅིག་ཀྱང་མེད་པ་དང་། རོལ་ཆས་འདི་དག་གི་ཁྱད་ཆོས་དང་དཀྲོལ་སྟངས་ནི་དེ་བས་མི་ཤེས་ལ། ཁོ་ཚོས་དབྱངས་རྟགས་ཐིག་ལྔ་ཀྱང་མི་ཤེས། འོན་ཀྱང་རྒྱལ་ནང་གི་གཞི་ཁྱོན་ཆེས་ཆེ་ཞིང་ཆུ་ཚད་ཤིན་ཏུ་མཐོ་བ། ཤུགས་རྐྱེན་ཟབ་པའི་འབུད་གཏོང་རོལ་ཚོགས་སྟེང་འབྲོག་ཁུལ་ནས་ཐོན་པའི་བོད་ཀྱི་ན་གཞོན་འདི་དག་གིས་རང་བྱུང་ལྷུན་ཆགས་ཀྱི་ས་མཐོའི་སྤྲོ་སེམས་དང་བཅས་ཏེ་ལྟད་མོ་བའི་ཡིད་སེམས་འགུག་པའི་འཁྲབ་སྟོན་གྱ་ནོམ་པ་ཞིག་བྱས་པས་དཔྱད་འཇོག་པའི་གདེང་འཇོག་མཐོན་པོ་ཐོབ། 

“ང་ཚོ་འཁྲབ་སྟོན་རོལ་ཚོགས་ནང་ཚུད་སོང་།”

    ཕྱིར་སློབ་གྲྭར་སླེབས་རྗེས། གཏམ་བཟང་ཞིག་སློབ་རར་ཁྱབ་འདུག་པ་དང་། གཟི་བརྗིད་ཀྱི་མཚན་སྙན་དེས་རོལ་ཚོགས་ལ་གནམ་ས་གསར་བ་ཞིག་ཕྱེས་སོང་པ་དང་འདྲ་ལ། ན་གཞོན་འདི་དག་ལ་ཐུན་མིན་གྱི་འབྱུང་འགྱུར་ཞིག་ཀྱང་མཐོང་དུ་བཅུག 

“སློབ་གྲྭས་ང་ཚོར་འདི་འདྲའི་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། སྦྱོང་བརྡར་བྱས་ན་དཀའ་ཚེགས་ཆེ་རུང་ང་ཚོས་སློབ་སྦྱོང་དང་སྦྱོང་བརྡར་གྱི་དུས་ཚོད་འདྲ་མཉམ་ཡོང་བར་བྱས་ཏེ་འབད་འབུངས་ཀྱིས་སྦྱོང་བརྡར་བྱ་རྒྱུ་ཡིན། མ་འོངས་པར་ངས་ཧྲེང་ཧེ་རོལ་དབྱངས་སློབ་གླིང་ལ་རྒྱུགས་སྤྲད་དེ་གླིང་བུ་རིང་བ་འབུད་མཁན་ཞིག་བྱ་རྒྱུ་ཡིན།”