རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-12-02   རྩོམ་ཁུངས།    中央广播电视台总台藏语
ཧྲང་ཧའེ་ཕུ་ཏུང་ཁུལ་གསར་དུ་བཙུགས་པའི་བོད་ལྗོངས་རྒྱལ་རྩེའི་ནས་རྒྱུ་ཆར་བྱས་ཏེ་བཟོས་པའི་བག་སོབ་ཁང་དང་པོ་དེ་དངོས་སུ་ལས་གཉེར་བྱས་པ་དང་། བག་སོབ་ཁང་དེས་གསར་སྤེལ་བྱས་པའི་ནས་ཀྱི་བག་སོབ་དང་། ནས་ཀྱི་ཁོ་ཧྥེ་སོགས་ཐོན་རྫས་གསར་པ་ཁྲོམ་རའི་ཐོག་བཏོན་མ་ཐག་ཧྲང་ཧའེ་ཡི་གྲོང་མི་ཚོའི་དགའ་བསུ་ཆེན་པོ་ཐོབ་པ་དང་། བག་སོབ་ཁང་སྒོ་ཕྱེ་བའི་ཉིན་དང་པོར་ཡོང་འབབ་སྒོར་ཆིག་ཁྲི་ལྔ་སྟོང་ལྷག་བྱུང་ཡོད་པ་རེད།
སྤྱི་ཟླ་11ཚེས་28ཉིན། ཀྲུང་གོ་རྒྱལ་སྤྱིའི་ཞིང་ཞོར་ཐོན་རྫས་ཚོང་འདུས་སྐབས་ཉེར་གཅིག་པ་དེ་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་དུ་འགོ་ཚུགས་པ་དང་། ཚོང་འདུས་ཁུལ་དུ་ནས་ལས་བཟོས་པའི་ཐོན་རྫས་ལ་ཀུན་གྱིས་དོ་སྣང་ཆེན་པོ་བྱས་ཡོད། རྩམ་པ་དང་། ནས་ཆང་། དེ་བཞིན་ཡོས་སོགས་ཐོན་རྫས་ལ་ཚོང་པ་དང་གཟིགས་མོ་བའི་དོ་ཁུར་ཆེན་པོ་ཐོབ་ཡོད།
ཧང་ཀྲོའུ་རུ་འཚོགས་པའི་ཀྲུང་གོ་ཞིང་པའི་ལོ་ལེགས་དུས་ཆེན་གྱི་སྟོན་ཁའི་འཛད་སྤྱོད་དུས་ཚིགས་ཏེ་ཁྱད་ལྡན་ཐོན་རྫས་གཅིག་སྡུད་འོས་སྦྱོར་བྱེད་སྒོའི་ཡུལ་དངོས་སུ་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ནས་ལ་དེའི་ཁྱད་འཕགས་ཀྱི་སྤུས་ཚད་དང་། འཚོ་བཅུད་ཀྱི་རིན་ཐང་ཆེ་བར་གཞིགས་ནས་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་པ་དང་། བྲོ་བ་གཟིགས་མཁན་སོགས་ཀྱང་རྫོགས་རྒྱུ་མེད་པ་རེད།
དེ་སྔོན་ནས་ནི་སྲོལ་རྒྱུན་གྱི་འབྲུ་རིགས་ཤིག་ཡིན་ཞིང་། ཐོན་རྫས་སྣ་ཁ་ཉུང་བ་དང་། ཞོར་སྣོན་རིན་ཐང་དེ་ཙམ་མེད།
ད་ཆ། ནས་ཀྱི་ཐོན་རྫས་གསར་པ་མང་པོ་ཞིག་གསར་སྤེལ་བྱས་པ་དང་བསྟུན་ནས་ནས་ཀྱི་ཐོན་ལས་ལས་སྔར་བྱུང་མྱོང་མེད་པའི་སྐྱེ་སྟོབས་རྒྱས་བཞིན་ཡོད།