རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-12-06   རྩོམ་ཁུངས།    མི་དངམས་དྲ་བ།
——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པར་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུའི་སྐོར་གླེང་བ།
དོན་གཉེར་ནི་འཕེལ་རྒྱས་དང་། གོང་བཀུར་ནི་གཉིས་ཕན། བརྒྱུད་སྤྲོད་ནི་རེ་བ་བཅས་ཡིན། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དེ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་གནས་ཡོད་ལ། དུས་རབས་ཡར་ཐོན་གྱི་གཏན་ཚིགས་དང་ཡང་མཐུན་ཡོད།
ཟླ་12ཚེས་2ཉིན་འཚོགས་པའི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་སྤྱི་འདོམས་བྱེད་པའི་མཐོ་ཚད་ཐོག་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་གདེང་འཇོག་གང་ལེགས་གནང་བ་མ་ཟད། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་བ་དང་འབྲེལ “ང་ཚོས་འཐབ་ཇུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས། ཐེག་པ་འཁུར་ལེན་བྱེད་ཕོད་པ་བཅས་བྱས་ཏེ‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་གཏོད་དགོས”ཞེས་ནན་བཤད་གནང་ཡོད།
2013ལོར་གསར་གཏོད་རང་བཞིན་གྱི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་རྗེས་སུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་འཐབ་ཇུས་ཀྱི་ངེས་གནས་དང་། རྩ་དོན་གྱི་འདུ་ཤེས། དམིགས་ཚད་ལས་འགན། བྱ་ཐབས་དང་ཐབས་ལམ་སོགས་ཐད་བརྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་གནང་སྟེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བར་ཁྲིད་སྟོན་གནང་ཡོད། ལོ་11རིང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཐད་ཞི་བདེ་མཉམ་ལས་དང་། སྒོ་དབྱེ་བསྟུན་མཁས། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། གཉིས་ཁེ་གཉིས་ཕན་བཅས་ཀྱི་དར་གོས་ལམ་བུའི་སྙིང་སྟོབས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས། མཉམ་ལས་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ་དང་། མཉམ་ལས་ཀྱི་ཁྱབ་རྒྱ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ། མཉམ་ལས་ཀྱི་རིམ་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་པར་བརྟེན་རྒྱལ་སྤྱིའི་ཐོག་བློ་སེམས་འགུགས་ཤུགས་དང་། ཤུགས་རྐྱེན་ཐེབས་ཤུགས། གོང་བུ་འགྲིལ་ཤུགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། རང་རྒྱལ་དུ་སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་བཏོན་པའི་གོ་ལ་ཧྲིལ་པོ་ཅན་དང་། གཞི་ཁྱོན་ཆེ་ཤོས། ཕྱོགས་ཡོངས་བཅས་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཀྱི་གྲོས་འགོ་དང་པོ་ཡིན་པའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དེ་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་དང་། ཁྱབ་ཁོངས་ཆེ་ཤོས། ཤུགས་རྐྱེན་ཟབ་ཤོས་བཅས་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཀྱི་ལས་སྟེགས་ཤིག་ཏུ་གྱུར་ནས་མཉམ་སྐྲུན་རྒྱལ་ཁབ་དབར་གྱི་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་མཉམ་སྐྲུན་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཀྲུང་གོའི་ལེགས་སྐྱེས་ཕུལ་ཡོད།
ལོ་བཅུ་གཅིག་རིང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་སྐུལ་འདེད་གཏོང་ཆེད་འཐབ་ཇུས་ཀྱི་འདེགས་སྐྱོར་གལ་ཆེན་བཏོད་པ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་འཐབ་ཇུས་ཀྱི་སྣེ་ཁྲིད་གལ་ཆེན་མཁོ་འདོན་བྱས་ཡོད། ང་ཚོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དེ་ལག་ལེན་གྱི་ལས་སྟེགས་སུ་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་བ་མ་ཟད། རྒྱལ་ཁབ་དང་ས་ཁུལ་མང་པོ་དང་མཉམ་དུ་ཕྱོགས་གཉིས་དང་དེ་བཞིན་ཁུལ་ཁོངས་རང་བཞིན་གྱི་ལས་དབང་གཅིག་མཐུན་ཚོགས་པ་བཙུགས་པར་བརྟེན་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་ཡོད། རྒྱལ་ཁབ་150ལྷག་ཙམ་དང་རྒྱལ་སྤྱིའི་རྩ་འཛུགས་30ལྷག་ཙམ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་ནས་མཉམ་ལས་རོགས་ཟླའི་འབྲེལ་བའི་དྲ་རྒྱ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ཡོད། ཁུལ་ཁོངས་སྒོ་དབྱེར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཁུལ་ཁོངས་སྒོ་དབྱེའི་བཀོད་པ་ལེགས་སུ་གཏོང་བར་ཤུགས་སྣོན་བརྒྱབ་པར་བརྟེན་མཚོ་རྒྱུད་སྒོ་དབྱེ་དང་སྐམ་སའི་མཐའ་རྒྱུད་སྒོ་དབྱེར་ཕན་ཚུན་སྐུལ་འདེད་དང་ཐུན་མོང་འཕེལ་རྒྱས་ཕྱིན་པ་མ་ཟད།
སྐམ་མཚོའི་ཕྱི་ནང་མཉམ་སྒུལ་དང་ཤར་ནུབ་ཕྱོགས་གཉིས་གསབ་རེས་ཀྱི་སྒོ་མོ་ཕྱོགས་ཡོངས་ནས་འབྱེད་པའི་རྣམ་པ་གྲུབ་ཡོད། རྒྱལ་ཁབ་དང་ས་ཁུལ་30དང་རང་མོས་ཚོང་དོན་གྱི་གྲོས་མཐུན་23བཞག་པ་ནས་གོ་ལ་ཧྲིལ་པོར་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཚོང་དོན་ཁུལ་གྱི་དྲ་རྒྱ་རྒྱ་ཆེར་བརྟན་པོ་གཏོང་བའི་བར་དང་། ཕྱི་རྒྱལ་གྱི་མ་དངུལ་འཇུག་འཐུས་ཀྱི་བཀག་རྒྱའི་གསལ་ཐོ་མུ་མཐུད་ཁུ་བསྡུ་བྱེད་པ་ནས་ཀྲུང་གོ་དང་ཕྱི་འབྲེལ་བཙུགས་པའི་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ཡོད་དོ་ཅོག་གི་100%ཡི་དཔྱ་ཁྲལ་རྣམ་གྲངས་ཀྱི་ཐོན་རྫས་ལ་སྒོ་ཁྲལ་མི་ལེན་པའི་ཐོབ་ཐང་སྤྲད་པའི་བར། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པ་བརྒྱུད་རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་དབྱེའི་སྒོ་མོ་ཇི་ཙམ་ཕྱེ་བ་དེ་ཙམ་གྱིས་ཆེ་རུ་ཕྱིན་པ་དང་སྒོ་དབྱེའི་འཕེལ་རྒྱས་ཐད་གནམ་ས་གསར་པ་རྒྱུན་ཆད་མེད་པར་བཏོད་ཡོད།
“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཀྲུང་གོ་ནས་དར་བ་དང་གྲུབ་འབྲས་དང་གོ་སྐབས་འཛམ་གླིང་ལ་དབང་ཡོད། ལོ་11རིང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་གོ་ལ་ཧྲིལ་པོའི་ཐུན་མོང་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་བར་འོད་ཟེར་འཕྲོ་བའི་མདུན་ལམ་བཏོད་ཡོད་ལ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་ཡང་དག་པའི་མདུན་སྐྱོད་ཁ་ཕྱོགས་སུ་སྣེ་ཁྲིད་བྱས་ཡོད། ང་ཚོས་ཕན་ཚུན་སྦྲེལ་མཐུད་གཙོ་རྐང་དུ་བྱས་ཏེ་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་དང་དམངས་འཚོར་ཕན་འདོགས་པའི“ཆུང་ལ་མཛེས་པའི”རྣམ་གྲངས་འབོར་ཆེན་དོན་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་བ་དང་མཉམ་སྐྲུན་རྒྱལ་ཁབ་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། མཉམ་སྐྲུན་རྒྱལ་ཁབ་ཀྱི་དམངས་འཚོའི་བདེ་རྩ་ལེགས་སུ་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
འདས་ཟིན་པར་ཕྱོགས་སྡོམ་བྱེད་པའི་དམིགས་ཡུལ་ནི་དེ་བས་ལེགས་པའི་སྒོ་ནས་འབྱུང་འགྱུར་གྱི་ཕྱོགས་སུ་སྐྱོད་ཆེད་ཡིན། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་ནི་ཀྲུང་གོས་འཛམ་གླིང་དང་མཉམ་དུ་གོ་སྐབས་མཉམ་སྤྱོད་དང་མཉམ་དུ་འཕེལ་རྒྱས་དོན་གཉེར་བྱེད་པའི་འོད་ཟེར་འཕྲོ་བའི་ལམ་ཆེན་དང་། ཐུན་མོང་དར་རྒྱས་ཀྱི་ཕྱོགས་སུ་སྐྱོད་པའི་གོ་སྐབས་ཀྱི་ཐབས་ལམ། རྒྱལ་ཁབ་ཁག་མཉམ་དུ་འཕེལ་རྒྱས་འགྲོ་བའི་གར་སྟེགས་ཆེན་པོ་བཅས་ཡིན་པ་དེས། རྒྱལ་ཁབ་ཁག་དབར་འགྲོ་འོང་བྱེད་པའི་ཐབས་ལམ་གསར་པ་བཏོད་པ་དང་། རྒྱལ་སྤྱིའི་མཉམ་ལས་ཀྱི་སྒྲོམ་གཞི་གསར་པ་བསྐྲུན་པ། མིའི་རིགས་ཀྱི་ཐུན་མོང་འཕེལ་རྒྱས་ཀྱི་སྤྱིའི་བགོ་གྲངས་ཆེ་ཤོས་གཅིག་སྡུད་བཅས་ལག་ལེན་ལས་ར་སྤྲོད་གང་ལེགས་བྱུང་ཡོད། དུས་ཀྱི་རླབས་རྒྱུན་དང་མཐུན་པ་དང་། དམངས་སེམས་ཐོབ་པ། དམངས་འཚོར་ཕན་འདོགས་པ། གནམ་འོག་ལ་ཕན་པ་བཅས་ཀྱི་གྲོས་འགོ་དེར་མཉེན་ཤུགས་ཆེན་པོ་དང་། གསོན་ཤུགས་ཆེན་པོ། འཕེལ་རྒྱས་ཀྱི་མདུན་ལམ་ཡངས་པོ་བཅས་ལྡན་ཡོད།