རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-12-09   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུའི་སྐོར་གླེང་བ།
“‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད” “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་གནང་བ་མ་ཟད། དུས་མཚམས་གསར་པར་འཕྲད་པའི་གོ་སྐབས་དང་འགྲན་སློང་གསར་པར་དམིགས་ནས། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་ཡོད་ལ། “ཆུ་ཚད་དེ་བས་མཐོ་བ་དང་། མཉེན་ཤུགས་དེ་བས་ལྡན་པ། རྒྱུན་མཐུད་དེ་བས་ཆོག་པ་བཅས་ཀྱི་གཉིས་ཕན་འཕེལ་རྒྱས་ཀྱི་བར་མཐོངས་གསར་པ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་དགོས་པའི”ནན་བཤད་གནང་ཡོད།
2023ལོའི་ཟླ་10པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་ཐོག་ཀྲུང་གོ་ཕྱོགས་ཀྱིས་གོམ་སྟབས་རྗེས་མར་ལག་ལེན་བསྟར་རྒྱུའི་བྱ་སྤྱོད་ཁག་བརྒྱད་ཁྱབ་བསྒྲགས་གནང་བ་དེ་ཐོག་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ནི་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོ་ཕྱོགས་བསྡུས་སྦྲེལ་མཐུད་དང་། ལྗང་མདོག་དར་གོས་ལམ་བུས་སྣེ་ཁྲིད་དུ་བྱེད་པ། གྲངས་འཛིན་དར་གོས་ལམ་བུའི་ནུས་པ་འདོན་པ་བཅས་ཀྱི་དུས་མཚམས་གསར་པ་ཞིག་ཡིན་པ་དེ་ལས། ཀྲུང་གོས་ཕྱོགས་ཁག་དང་མཉམ་དུ་འཛམ་གླིང་རྒྱལ་ཁབ་ཁག་གི་དེང་རབས་ཅན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་པའི་འགོ་འཛུགས་ས་གསར་པ་བཀོད་ཡོད་ལ། མིའི་རིགས་ལ་ཡར་རྒྱས་དོན་གཉེར་དང་འཛམ་གླིང་ལ་སྤྱི་སྙོམས་ཆེན་པོ་དོན་གཉེར་བྱེད་པའི་བློ་རྒྱ་ཆེན་པོ་དང་དུས་རབས་ལ་སྣེ་ཁྲིད་བྱེད་པའི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་མངོན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤྱིའི་བླང་བྱ་དང་། མཛུབ་ཁྲིད་རྩ་དོན། ལག་ལེན་གྱི་ཐབས་ལམ། གཙོ་གནད་ལས་དོན་བཅས་ལ་རྒྱས་བཤད་གཏིང་ཟབ་གནང་ནས་དུས་མཚམས་གསར་པར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གཞི་འཛིན་ས་གལ་ཆེན་མཁོ་འདོན་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། བརྟན་ཐོག་ཡར་འཕེལ་ནི་རང་རེའི་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་རྩ་དོན་གལ་ཆེན་ཞིག་ཡིན་པ་ངེས་པར་དུ་ཤེས་རྟོགས་གཏིང་ཟབ་ཐུབ་པར་བྱེད་དགོས། རྒྱལ་སྤྱིའི་ཁོར་ཡུག་ཇི་ཙམ་གྱིས་རྙོག་འཛིང་ཆེ་ན། དེ་ཙམ་གྱིས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ནས་ལས་དོན་ཏན་ཏིག་སྒྲུབ་པ་དང་གཟབ་ནན་གྱི་སྒོ་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་སྟེ་མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་རྒྱ་ཆེ་རུ་བརྟན་པོ་གཏོང་དགོས།
“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནི་དུས་འཁོར་རིང་བ་དང་། རྒྱལ་མཚམས་ལས་སྒྲོལ་བ། བརྒྱུད་རིམ་ལྡན་པ་བཅས་ཀྱི་འཛམ་གླིང་གི་འདུ་འགོད་དང་དུས་རབས་ཀྱི་འདུ་འགོད་ཅིག་རེད། འབྱུང་འགྱུར་ལ་ཕྱོགས་ཏེ། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་བྱ་སྤྱོད་བརྒྱད་ཁྲིད་སྟོན་དུ་བྱེད་པ་དང་ཕན་ཚུན་སྦྲེལ་མཐུད་གཙོ་རྐང་དུ་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཟུང་འབྲེལ་དང་། སྲིད་གཞུང་གི་ཁྲིད་སྟོན་དང་ཁྲོམ་རའི་འཁོར་སྐྱོད་ཟུང་འབྲེལ། ཚན་རིག་དང་མཐུན་པའི་བཀོད་སྒྲིག་དང་སྟབས་བསྟུན་ལེགས་གཏོང་ཟུང་འབྲེལ། གྲངས་འབོར་འཕར་བ་དང་སྤུས་ཚད་མཐོར་གཏོང་ཟུང་འབྲེལ་བཅས་མཐའ་འཁྱོངས་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་དང་སྒྲིག་སྲོལ་དང་ཚད་གཞི་སྦྲེལ་མཐུད་ཡག་པོ་བྱེད་པ་དང་མཉམ་སྐྲུན་རྒྱལ་ཁབ་ཀྱི་མི་དམངས་དང་སེམས་པ་གཅིག་ཏུ་སྦྲེལ་བར་སྤྱི་འདོམས་བྱེད་པ། མཚོན་བྱེད་རང་བཞིན་གྱི་ལས་གྲྭ་གལ་ཆེན་དང“ཆུང་ལ་མཛེས་པའི”དམངས་འཚོའི་རྣམ་གྲངས་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་དང་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེ་བརྟན་གཏོང་ལ་སྤྱི་འདོམས་བཅས་བྱས་ཚེ། གཞི་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་སུ་རྒྱུན་ཆད་མེད་པར་མདུན་སྐྱོད་བྱ་རྒྱུར་སྐུལ་འདེད་གཏོང་ཐུབ།
ལམ་ལུགས་འཛུགས་སྐྱོང་ལ་རྩ་བའི་རང་བཞིན་དང་། སྤྱི་ཡོངས་ཀྱི་རང་བཞིན། བརྟན་པོའི་རང་བཞིན། ཡུན་རིང་གི་རང་བཞིན་བཅས་ལྡན་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ་བཏོན་ཡོད། བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་འཛུགས་སྐྱོང་ལ་བཀོད་སྒྲིག་ཞིབ་ཚགས་གནང་བ་མ་ཟད། “ལམ་སྲོལ་དགུ”འཐུས་སྒོ་ཚང་དུ་གཏོང་བར་ཡང་བླང་བྱ་གལ་ཆེན་ཁ་གསལ་བཏོན་གནང་ཡོད། ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་། འཐབ་ཇུས་ཀྱི་བསམ་གཞིགས་དང་། བདེ་འཇགས་ཀྱི་འདུ་ཤེས། མ་ལག་གི་འདུ་ཤེས། རྒྱལ་སྤྱིའི་མིག་རྒྱང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས“སྤྱི་འདོམས”ཐད་སྔར་བས་ཤུགས་སྣོན་རྒྱག་པ་དང“དོན་དངོས”ཐད་ཕན་འབྲས་དེ་བས་མང་བ་ཐོན་པར་བྱེད་དགོས། མ་ལག་ཅན་དང་ལམ་སྲོལ་ཅན་ལ་སྐུལ་འདེད་གཏོང་བ་གཙོ་གནད་དུ་བྱས་ནས་རྩེ་རིམ་ཇུས་འགོད་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་། དངོས་སྒྲུབ་ཀྱི་བྱེད་ཐབས་བཟོ་བ། ཕྱི་ཕྱོགས་དང་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས།
“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་སྐྱོད་པའི་ལམ་ནི་ཡང་དག་པའི་མི་ཡུལ་གྱི་བགྲོད་ལམ་དང་སྒྲུབ་པ་ནི་བྱ་གཞག་རླབས་པོ་ཆེ་ཞིག་ཡིན་པས། ལག་ལེན་རླབས་པོ་ཆེ་ཡོད་དགོས། རྒྱང་ལམ་གསར་པར་འཆར་གཞི་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། ལས་དོན་གཅིག་རྗེས་གཉིས་མཐུད་ངང་སྒྲུབ་པ། ཐེག་པ་ཁུར་ལེན་ཕོད་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཚེ། མཉམ་སྐྲུན་རྒྱལ་ཁབ་དང་མཉམ་དུ་ཕན་པ་བསྐལ་བརྒྱར་ཐོབ་པ་དང་མི་དམངས་མང་པོར་ཕན་པའི་ཡུན་རིང་གི་བྱས་རྗེས་བཞག་ནས་དེ་བས་མཛེས་སྡུག་ལྡན་པའི་མིའི་རིགས་ཀྱི་འབྱུང་འགྱུར་གཏོད་ཐུབ།