ས་སྐྱ་རྫོང་གི་ཁ་ཆེ་ཤ་སྐམ་ཐོན་འབབ་བཟང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-12-09   རྩོམ་ཁུངས།    中国西藏新闻网

ལས་མིས་ཁ་ཆེ་ཤ་སྐམ་འདེབས་འཛུགས་རྟེན་གཞིར་ལས་ཀ་བྱེད་བཞིན་པ།

ལས་མིས་ཁ་ཆེ་ཤ་སྐམ་འཐུ་བཞིན་པ།

    མིག་སྔར། ས་སྐྱ་རྫོང་བྲག་མཇུག་ཤང་གི་ཁ་ཆེ་ཤ་སྐམ་འདེབས་འཛུགས་རྟེན་གཞིར་མེ་ཏོག་སྨུག་པོ་རེ་རེའི་ནང་ཟེ་བ་དམར་པོ་སྐྱེས་ཤིང་། ཚོན་མདངས་རྣམ་པར་བཀྲ་ལ་དྲི་བསུང་འཐུལ་བཞིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཧྲང་ཧའེ་ཡི་བོད་སྐྱོར་ལས་བྱེད་པ་དང་ཧྲང་ཧའེ་སྨན་བཅོས་ལས་རིགས་གཤམ་འོག་གི་ཧྲང་ཧའེ་གྲོང་ཁྱེར་སྨན་རྫས་ཚད་ཡོད་ཀུང་སིའི་རྒྱབ་སྐྱོར་འོག 2023ལོར“ས་སྐྱར་བརྩེ་སེམས་འཆང་བའི་ཁ་ཆེ་ཤ་སྐམ་འདེབས་འཛུགས་རྣམ་གྲངས”ས་སྐྱ་རྫོང་བྲག་མཇུག་ཤང་དུ་ལག་ལེན་བསྟར་ཡོད། འདི་ལོའི་རྟེན་གཞིའི་ཐོན་ཚད་ན་ནིང་གི་རྨང་གཞིའི་ཐོག་20%ནས་30%བར་འཕར་ཞིང་། ཐོན་རྫས་ཀྱི་སྤུས་ཀ་དང་། ཟེ་བའི་རིང་ཚད། དེ་བཞིན་འདུས་པའི་ནུས་ལྡན་གྲུབ་ཆ་བཅས་ཚང་མ་ཧ་ཅང་ཡག་པོ་ཡོད། “མདོག་དམར་ནོར་བུ”འདི་དག་ལས་ལོ་ལེགས་ཡང་སེ་བྱུང་བ་དང་བསྟུན་ནས། ས་གནས་དེ་གའི་མང་ཚོགས་དེ་བས་མང་བ་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་ཁྲིད་ཐུབ་རྒྱུ་རེད།