རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-12-11   རྩོམ་ཁུངས།   
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཀྲང་ཝེ་ཏུང་། ཁུལ་དམངས་ཆེན་རྒྱུན་ལས་ཀྲུའུ་རེན་གཞོན་པ་སུང་ཡུང་ལི། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལིན་ཧའོ་མཐའ་བསྡུར་དུ་ཞུགས་པ་དང་བྱ་དགའ་ཐོབ་མཁན་ལ་བྱ་དགའ་གནང་།
ད་ཐེངས་འགྲན་བསྡུར་ཐོག་“ཡུན་ནན་ཟེར་བའི་འཚོ་བ་ཞིག་ཡོད—འཛམ་གླིང་གི‘སེམས་ཀྱི་ཉི་ཟླ་’”ཞེས་པ་དེ་བརྗོད་དོན་གཙོ་བོར་འཛིན་པ། འགྲན་བསྡུར་འགོ་ཚུགས་ནས་བཟུང་། རྫོང་(གྲོང་ཁྱེར་)གསུམ་གྱིས་ཐོག་མའི་འགྲན་བསྡུར་ནས་ཡུལ་སྐོར་ལས་དོན་ཁང་དང་ཡུལ་སྐོར་ལྗོངས་ཁུལ།ཀུང་སི་སོགས་སྤྱི་ཚོགས་ལས་རིགས་ཁག་ནས་ཡོང་བའི་ཡུལ་སྐོར་སྣེ་ཤན་དང་འགྲེལ་བཤད་པ་123བདམས་ཏེ་བསྐྱར་མའི་འགྲན་བསྡུར་སྤེལ། མཐའ་མར་བདམས་ཐོན་པ་11མཐའ་བསྡུར་དུ་ཞུགས་པ།
བདམས་ཐོན་པ་རྣམས་ཀྱིས་སྐབས་འཕྲལ་འགྲེལ་བཤད་དང་ནུས་རྩལ་འཁྲབ་སྟོན། རང་འདེམས་འགྲེལ་བཤད། མཁོ་བསྟུན་བབ་བསྟུན་བཅས་ཀྱི་ཐོག་འགྲན་རྩོད་དྲག་པོ་བྱས་ནས། ཡུལ་སྐོར་སྣེ་ཤན་པ་དང་འགྲེལ་བཤད་པའི་བྱ་དགའ་ཨང་དང་པོ།གཉིས་པ།གསུམ་པ་རེ་རེ་བདམས་པ། ཕུལ་བྱུང་བྱ་དགའ་5བདམས་པ། བྱ་དགའ་ཨང་དང་པོ་ཐོབ་མཁན་ལ་“བདེ་ཆེན་ཁུལ་གསེར་གྱི་བྱང་བུའི་ཡུལ་སྐོར་སྣེ་ཤན།” བྱ་དགའ་ཨང་གཉིས་པ་དང་ཨང་གསུམ་པ་ཐོབ་མཁན་ལ་“བདེ་ཆེན་ཁུལ་དངུལ་གྱི་བྱང་བུའི་ཡུལ་སྐོར་སྣེ་ཤན།”“བདེ་ཆེན་ཁུལ་ཟངས་ཀྱི་བྱང་བུའི་འགྲེལ་བཤད་པ”ཞེས་པའི་མཚན་སྙན་གནང་བ།