རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-12-16   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཞོག་ཤང་གི་དམངས་ཁྲོད་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་སྒོ་རའི་ནང་ལྷ་སའི་རས་ཀྱི་འབག་བཟོ་བའི་སྒྱུ་རྩལ་གྱི་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཤི་ལོག་དང་དགེ་ཕྲུག་ཚོས་ཚ་ཚ་འུར་འུར་ངང་འབག་བཟོ་བཞིན་ཡོད་པ་དང་། འབག་བཟོ་བའི་ལས་རིམ་རྙོག་འཛིང་ཆེ་ལ་འབག་གཅིག་བཟོ་བར་རྐོས་རྒྱག་པ་དང་། རིམ་པ་དབྱེ་བ། རླུང་སྐམ་གཏོང་བ། རྩི་བྱུག་པ་སོགས་ལས་རིམ་བཅུ་ལྷག་ཙམ་ཡོད། འདི་ནི་མཉམ་ལས་ཁང་གི་ལག་ཤེས་པ་ཚོའི་མཉམ་པར་ཡིན་པ།