དགུན་དུས་སུ་ཆེས་མཛེས་པའི་གཞུང་ལམ་འཛུགས་སྐྲུན་ཡུལ་དངོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-12-18   རྩོམ་ཁུངས།    རྨ་ལྷོ་བོད་ཡིག་ཚགས་པར།

    རེབ་གསེར་མྱུར་བགྲོད་གཞུང་ལམ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱི་རོང་བོའི་ཀླུང་རོང་དུ་གནས་པ་དང་། སྤྱིའི་རིང་ཚད་སྤྱི་ལེ204.52ཡོད་ལ། མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་གཞུང་ལམ་བཟོ་སྐྲུན་འཛུགས་སྐྲུན་རྣམ་གྲངས་དང་རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་དྲ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཟླ12པའི་ཚེས8ཉིན། རེབ་གསེར་མྱུར་བགྲོད་གཞུང་ལམ་དཔྱི་ས་དགུ་ཆུ་ཟམ་ཆེན་གྱི་ཚ་འུར་ལྡན་པའི་འཛུགས་སྐྲུན་ཡུལ་དངོས་དེ། དངུལ་མདོག་གི་དར་གོས་ཤིག་རོང་བོའི་ཀླུང་གཞུང་དུ་རྒྱུ་བ་དང་འདྲ་བར་མཐའ་སྐོར་གྱི་སྐྱེ་ཁམས་ཁོར་ཡུག་དང་དམེ་ཤུལ་རི་བོ་བཅས་ལ་དགུན་དུས་ཀྱི་མཛེས་ལྗོངས་ཤིག་བསྐྲུན་ཡོད།