རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-12-18   རྩོམ་ཁུངས།   
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་12པའི་ཚེས་17ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཀྲུང་གོའི་ལྕགས་ལམ་ཅུས་ཉེར་གཉིས་པའི་ཚོགས་པའི་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི། སྤྱི་ཁྱབ་ཅིང་ལིན་ཏོང་ལིའང་དང་བཅས་པར་མཇལ་འཛོམས་གནང་།
ལུའོ་ཁྲའོ་ཧྥེང་གིས་ཉེ་བའི་ལོ་འགའི་རིང་། བདེ་ཆེན་ཁུལ་གྱིས“དོན་ཆེན་བཞི”དང་ཞིང་ཨུའི“3815”ཐབས་ཇུས་ལ་དམིགས་ནས་བརྟན་པོར་བརྟེན་ནས་འཕེལ་རྒྱས་འགན་སྲུང་བྱེད། འཕེལ་རྒྱས་ལ་བརྟེན་ནས་བརྟན་བརླིང་ལ་སྐུལ་འདེད་གཏོང་ནས་རིག་གནས་ཡུལ་སྐོར་སྣེ་འདྲེན་དུ་གྱུར་བའི་གཙོ་ཁྲིད་ཐོན་ལས་ཆེན་པོ་བཞིར་ཆགས་པ་དང་ཁུལ་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་བདེ་བླག་ངང་འཕེལ་རྒྱས། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་། མི་རིགས་མཐུན་སྒྲིལ་ཡར་ཐོན། སྐྱེ་ཁམས་ཁོར་ཡུག་ལེགས་པོ་བྱུང་བ། མ་འོངས་པར་བདེ་ཆེན་དེར་གྲོང་ཁྱེར་གྲོང་རྡལ་དཔེ་གསར་ཅན། འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། སྔོ་ལྗང་ནུས་ཁུངས་འཛུགས་སྐྲུན་ཐད་རྣམ་གྲངས་དགོས་མཁོ་མང་ཙམ་ཡོད་པ་དང་མཉམ་ལས་བྱེད་རྒྱ་ཆེ་བ། ཁེ་ལས་ཀྱིས་ཁྲིམས་མཐུན་སྒྲིག་མཐུན་གྱི་སྒོ་ནས་ཚོང་རའི་འགྲན་རྩོད་དུ་ཞུ་རྒྱུར་དགའ་བསུ་ཞུས། ཕྱོགས་གཉིས་ཀྱིས་མཉམ་ལས་རྒྱུན་མཐུད་བྱས་ནས་གཉིས་ཕན་མཉམ་རྒྱས་མངོན་འགྱུར་བྱེད་པའི་རེ་བ་བཏོན།
ཏོང་ལིའང་གིས་བདེ་ཆན་ལ་ཡུལ་གནས་ལེགས་ཆ་ལྡན་པ་དང་དེའི་བསྟུན་མཁས་ཀྱི་ཚོང་གཉེར་ཁོར་ཡུག་གིས་ཁེ་ལས་མང་ཙམ་དེར་དངུལ་འཇོག་ལས་དར་ལ་ཡིད་དབང་འགུག་པ། མ་འོངས་པར་ཁེ་ལས་ཀྱིས་བདེ་ཆེན་དང་ཕྱོགས་ཡོངས། བང་རིམ་ལྡན་པའི་མཉམ་ལས་སྤེལ་བ། ས་གནས་ཀྱི་དགོས་མཁོ་ལ་བརྟེན་ནས་ཁེ་ལས་ཀྱི་ནུས་ཤུགས་གང་ཐུབ་འདོན་ནས་བདེ་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་མང་ཙམ་གཏོང་རྒྱུ་ཞེས་བསྟན།
ཁུལ་འགོ་ཁྲིད་ལིན་ཧའོ། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་མཇལ་འཛོམས་སུ་ཕེབས།