རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-12-18   རྩོམ་ཁུངས།   
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ད་ལོའི་ཚུན་དུ་འཇོལ་རྫོང་རིག་གནས་ཁང་གིས་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རིག་གནས་བྱེད་སྒོ་དང་རྒྱུན་འཁོར་རིག་གནས་ཞབས་ཞུ་སྤེལ་བ།ལས་ཞོར་རིག་གནས་རུ་ཁག་འཛུགས་སྐྲུན་ལ་མཛུབ་ཁྲིད་བྱེད། མང་ཚོགས་རིག་རྩལ་རྐང་འཛིན་པར་རོགས་ཁྲིད་དང་གསོ་སྦྱོང་བྱེད། དུས་མཚམས་སུ་བྱེད་སྒོ་དང་འགྲན་བསྡུར་སྣ་རིགས་མང་པོ་སྤེལ་ནས་ས་གནས་དེ་གའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། པར་འདི་ནི་རིག་གནས་ཁང་གིས་ལས་ཞོར་ཞབས་བྲོ་རུ་ཁག་གིས་གཟབ་མཆོར་གྱོན་ནས་ཀྲུང་ཧྭ་མི་རིགས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་ཕྲེང་སྟར་བྱེད་སྒོ་ཐོག་གླུ་ལེན་གར་འཁྲབ་བྱས་པ་རེད།